གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་བསྡུ་བཀོད་འབད་ནི་དེ་ དཀའ་ངལ་ཅན་གྱི་གཞི་གནད།

༡༨/༨/༢༠༡༢   ༉ གཞུང་གི་དཔོན་ཁག་དང་ ཆེ་མཐོའི་འགོ་དཔོན་ཚུ་ལས་ གལ་གནད་ཅན་གྱི་གནས་ཚུལ་ བསྡུ་བཀོད་འབད་བའི་སྐབས་ དེ་འཕྲོ་ལས་ འཐོབ་མ་ཚུགས་པར་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ དཀའ་ངལ་བྱུངམ་ཨིན་པས།
མངའ་བདག་རྒྱལ་པོའི་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བཙན་བཀབ་རྡོ་རྗེ་གིས་ བརྡ་བརྒྱུད་ཀྱི་སྦྱོང་བརྡར་འབད་མི་ཚུ་ལུ་ ལག་ཁྱེར་གནང་པའི་བསྒང་།
རྫོང་ཁའི་གནས་ཚུལ་བསྡུ་བཀོདཔ་ཚུ་ གནས་ཚུལ་བསྡུ་བཀོད་འབད་ཐངས་ཀྱི་ གཞི་རྟེན་སྦྱོང་བརྡར་འབད་བའི་བསྒང་།


དེ་ཡང་ ཁ་ཙ་ གནས་ཚུལ་བསྡུ་བཀོད་འབད་ཐངས་དང་ དྲི་བ་དྲིས་ལན་ གནས་ཚུལ་འབྱུང་ཁུངས་ དེ་ལས་ གལ་གནད་ཆེ་བའི་གཞུང་གི་ འགོ་དཔོན་ཚུ་ལས་ གནས་ཚུལ་བསྡུ་བཀོད་ཀྱི་ གནད་དོན་ཐོག་ལུ་ སྦྱོང་བརྡར་བྱིན་པའི་སྐབས་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ དེ་འཕྲོ་ལས་ གནས་ཚུལ་ ཐོབ་མ་ཚུགས་པའི་ཁར་ དཀའ་ངལ་ལེ་ཤ་བྱུང་བའི་སྐོར་ལས་ གྲོས་བསྡུར་དང་ ཉམས་མྱོང་ བརྗེ་སོར་ཚུ་ འབད་ཡི།
བདུན་རིམ་གྱི་ གསར་ཤོག་གི་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ ཉམས་མྱོང་བརྗེ་སོར་འབད་མི་དང་འཁྲིལཝ་ད་ ལྷན་ཁག་གི་ འགོ་དཔོན་འབད་སར་ དྲི་བ་དྲིས་ལན་ འབད་ནིའི་དོན་ལུ་འགྱོཝ་ད་ དུས་ཚོད་མི་ཁོམ་པས་ ཡང་ཅིན་ ནངས་པ་ཤོག་ཟེར་ སླབ་པའི་ཁར་ དུས་ཚོད་ཁར་སོང་བལྟ་རུང་ འགོ་དཔོན་དེ་གིས་ ད་རེས་ཡང་ དུས་ཚོད་མིན་འདུག་ ནངས་པ་ཁྱོད་ར་ དྲི་བ་བཟོ་སྟེ་  འབག་ཤོག་ཟེར་ སླབ་མི་ལུ་བརྟེན་ དྲི་བ་བཟོ་སྟེ་ སྐུ་སྒེར་ལས་དྲུང་ལས་བརྒྱུད་དེ་ འགོ་དཔོན་ལུ་ ཕུལ་དོ་ཡོདཔ་ཨིན་པས།
ཨིན་རུང་ དེ་གི་ནངས་པར་ སོང་ལྟཝ་ད་ འགོ་དཔོན་དེ་གིས་ འགོ་དཔོན་འོགམ་ལུ་ སྤྲོད་དེ་ཡོད་ ཁོ་ལས་འཐོབ་ཟེར་ སླབ་བཞིན་དུ་ འགོ་དཔོན་འབད་སར་བཅར་ཡོད་རུང་ ཁོ་གིས་ཡང་ ཉོགས་བཤད་བཀོད་དེ་ ཧད་འཕུལ་ཐོག་ལས་ ལན་སླབ་མ་བཏུབ་པའི་སྐབས་ལུ་ དཀའ་ངལ་གནམ་མེད་ས་མེད་བྱུངམ་མ་ཚད་ དུས་ཚོད་འཕྲོ་བརླག་བཏངམ་ཟེར་ ཨིན་པས།
གནས་ཚུལ་ ཐོབ་མ་ཚུགས་པའི་སྐབས་ལུ་ རྩོམ་སྒྲིག་འགོ་དཔོན་དང་ བདག་སྐྱོང་གི་ཁ་ཐུག་ལས་ ལཱ་མ་འབད་བར་སྡོད་དོ་བཟུམ་གྱི་ཚོར་སྣང་བྱུང་སྟེ་ བྱ་སྟབས་མ་བདེ་བའི་དཀའ་ངལ་ལེ་ཤ་བྱུངམ་མས་ཟེར་ བསམ་འཆར་བཀོདཔ་ཨིན་པས།
གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ འབད་བ་ཅིན་ མི་སྡེ་དང་ རྒྱལ་ཡོངས་ལུ་ དྲང་བདེན་དང་ ཕན་ཐོགས་པའི་ གནས་ཚུལ་ཡོད་མི་ཚུ་ འགོ་དཔོན་ ཡང་ཅིན་ མི་ཅིག་ལས་ དྲི་བ་དྲིས་ལན་འབད་ཐོག་ལས་ གནས་ཚུལ་གསར་བཏོན་འབད་བའི་ཤུལ་ལུ་ གཞུང་གི་དཔོན་ཁག་དང་ འགོ་དཔོན་ཚུ་གིས་ དེ་ལུ་ བྱ་སྟབས་བདེ་མིན་གྱི་ གནད་དོན་ལེ་ཤ་ཚུད་ནུག་ཟེར་བའི་ཉོགས་བཤད་ བཀོདཔ་མས་ཟེར་ཨིན་པས།
གནས་ཚུལ་བསྡུ་བཀོདཔ་དེ་ལུ་ ལག་ལེན་འདི་དང་འབྲེལ་བའི་དཀའ་ངལ་སྦོམ་འབྱུང་སྲིད་ནི་ཨིནམ་ལས་ དེ་ལུགས་ཀྱི་ དཀའ་ངལ་སེལ་ཐབས་ལུ་ གྲོས་བསྡུར་ཚུ་འབད་ཡོདཔ་ཨིན་པས།
སློབ་སྟོན་པ་ མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ གནས་ཚུལ་བསྡུ་བཀོདཔ་གི་ ལཱ་འགན་དེ་ དཀའ་ངལ་སྦོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ གཞུང་གི་ འགོ་དཔོན་ཚུ་ ཡིག་ཚང་ནང་ ཕྱག་ལཱ་གནང་སྟེ་ དུས་ཚོད་ནང་ རྫོགས་དོ་བཟུམ་སྦེ་མེན་པར་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་ ལཱ་འགན་དེ་ ས་གནས་ག་ཏེ་འབད་རུང་ གནད་དོན་ག་ཅི་གི་སྐོར་ལས་ཨིན་རུང་ དམག་རྐྱབ་སར་དང་ མེ་རྐྱེན་ ཆུ་རུད་ ས་རུད་ འཐབ་འཛིང་ དེ་ལས་ གྲོས་ཚོགས་ཞལ་འཛོམས་ག་ཅི་ནང་ཡང་ གཞུང་དང་ མི་སྡེ་ལུ་ བརྡ་སྤེལ་གྱི་དོན་ལུ་ ཐ་ན་ ནུབ་མོ་ཡང་ འགྱོ་དགོཔ་འཐོནམ་ཨིན་ཟེར་ཨིན་པས།
དེ་མ་ཚད་ རང་གི་ བཟའ་ཚང་དང་གཅིག་ཁར་ དུས་ཚོད་བཏོན་ཏེ་ སྡོད་ནིའི་རང་དབང་ཐོབ་མ་ཚུགས་པའི་སྐབས་ རང་གི་ གཉེན་གྲོགས་ཀྱི་བར་ན་ཡང་ དཀའ་ངལ་བྱུང་བཞིན་དུ་ཡོད་པའི་ཁར་ རེ་ཚེ་སྐབས་ རང་གི་ སྲོག་ཡང་ བློས་གཏང་དགོ་པའི་ གནས་སྟངས་ཐོནམ་མས་ཟེར་ ཨིན་པས།
གལ་གནད་ཅན་གྱི་ གནས་ཚུལ་གསར་བཏོན་འབད་བའི་སྐབས་ སྒྲུབ་བྱེད་ཚུ་ ལེགས་ཤོམ་བཞག་དགོཔ་མ་ཚད་ སྒེར་སྡེ་དང་ ལས་འཛིན་གྱི་ ཁ་ཐུག་ལས་འབད་རུང་ རྒྱབ་སྐྱོར་འབད་དགོཔ་གལ་ཆེ་བས་ཟེར་ སློབ་སྟོན་པ་ རིག་འཛིན་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment