གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤིང་དུམ་ཟམ་གྱི་ལག་ལེན་ ཉེན་ཁ་སྦོམ་ཡོདཔ།

༡༨/༨/༢༠༡༢   ༉ དབང་འདུས་ཕོ་བྲང་ ཨ་ཐང་རྒེད་འོག་ ལ་ཝ་དང་ ལམ་དགའ་ དེ་ལས་ ཐ་ཕུག་གཡུས་ཚན་གྱི་མི་སེར་ཚུ་ འདས་པའི་ཟླཝ་༡ དེ་ཅིག་གི་ཧེ་མར་ ཁོང་གི་ གཡུས་ཚན་ནང་ མཐུད་སྦྲེལ་འབད་མི་ཤིང་ཟམ་དེ་ གནམ་བྱཱར་ཆུ་རུད་ཀྱིས་ འཕྱགས་བདའ་བའི་ཤུལ་ལུ་ ད་ལྟོ་ ས་གནས་དེ་གི་འོག་ལུ་ ད་རུང་ ཉེན་ཁ་ཅན་སྦེ་ཡོད་པའི་ ཤིང་དུམ་གྱི་ གནས་སྐབས་ཀྱི་རྐང་ཟམ་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
གནས་སྐབས་ཅིག་གི་དོན་ལུ་ ལག་ལེན་འཐབ་མི་ རྐང་ཟམ།


གཏན་འཇགས་ཀྱི་ཤིང་ཟམ་དེ་ འཕྱགས་འབག་པའི་སྐབས་ལུ་ ཟམ་བརྒལ་བའི་བསྒང་ཡོད་མི་ རུ་ཁ་ གཡུས་ཚན་ལས་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་ཅིག་ཡང་ འཕྱགས་བདའ་ཡོདཔ་ལས་ གཡུས་མི་དང་ ནང་མི་ཚུ་གིས་ ད་ལྟོའི་བར་ན་ཡང་ རོ་འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ ཕར་ཚུར་ ཉིན་མ་ལཱ་སར་འགྱོ་བའི་སྐབས་དང་ གནད་དོན་གཞན་ཚུ་ལུ་བརྟེན་ འགྲོ་འགྲུལ་འབད་དགོཔ་ཐོནམ་ད་ ཤིང་དུམ་གྱི་རྐང་ཟམ་བརྒལ་འགྱོ་ནི་དེ་ མེད་ཐབས་མེདཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཤིང་དུམ་གྱི་ཟམ་དེ་ ཆུ་གི་བཤམ་ལུ་ རེག་སག་ས་སྦེ་ཡོདཔ་ལས་ འཕྲལ་འཕྲལ་ཆུ་གི་ རྦ་རླབས་ཀྱིས་ གཟུགས་ཁ་རེག་སྟེ་ གོ་ལ་ཆུ་གིས་སྦང་བའི་ཁར་ ལ་ལུ་ཅིག་གིས་སླབ་མིའི་ནང་ ཤིང་ཚུ་སོམ་སྟེ་ ཆགས་འགྱོ་ནིའི་ཉེན་ཁ་ཡང་འདུག་ཟེར་ཨིན་པས།
ཆུ་གིས་ འཕྱགས་འབག་མི་ཟམ་དེ་ཡང་ གཡུས་མི་ཚུ་གིས་ བདུན་ཕྲག་ལས་བཅད་དེ་ འུར་ལཱ་རྐྱབ་ཐོག་ལས་ གནས་སྐབས་ཀྱི་དོན་ལུ་ བཟོ་ཡི་ཟེར་ རུ་ཁ་ལས་ ཨ་ཐང་རྒཔོ་བགྲེསཔ་ ཆོས་སྐྱིད་ལ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཟམ་དེ་ འཕྱགས་བདའ་བའི་ཤུལ་ལུ་ མི་སེར་ཚུ་ སློབ་གྲྭ་དང་ ཚོང་འབྲེལ་ལ་སོགས་པའི་དོན་ལུ་ འགྲོ་འགྲུལ་འབདཝ་ད་ ཤིང་དུམ་གྱི་ཟམ་གུ་ལས་ཕར་ བརྒལ་འགྱོ་དགོ་པས་ཟེར་ རྒཔོ་བགྲེསཔ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ རྩི་རང་དང་ དབང་འདུས་གཞུང་ལམ་ཁར་ སྟག་ཤ་ཆུ་ཚུན་ སྤྲིངས་ཟམ་རྐྱབ་ནིའི་དོན་ལུ་ ཅ་ཆས་ལྷོད་ཡོད་མི་ཚུ་ ད་ལྟོ་ སྐྱེལ་འདྲེན་འབད་དོ་ཡོདཔ་ལས་ ཤུལ་མའི་ཟླཝ་ནང་ བཟོ་སྐྲུན་གྱི་ལཱ་ འགོ་བཙུག་ཚུགས་པའི་ རེ་བ་ཡོདཔ་ལས་ དཀའ་ངལ་དེ་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
རྒེད་འོག་གི་དོན་ལུ་ ཀི་ལོ་མི་ཊར་༡༩ འབད་མི་ འཕྲུལ་གླང་པཱ་ཝར་ཊི་ལར་གྱི་ལམ་དེ་ སྤྱི་ལོ་༢༠༠༦ ལུ་ བཏོན་ཡོད་རུང་ སྟག་ཤ་ཆུའི་གུ་ལས་ སྣུམ་འཁོར་གྱི་ཟམ་ཅིག་མེད་ནི་དེ་གིས་ ཕན་ཐོགས་སྦོམ་བྱུང་མ་ཚུགས་ཟེར་ཨིན་པས།
ས་གནས་ཀྱི་མི་སེར་ཚུ་དང་འཁྲིལཝ་ད་ མ་གཞི་ ལམ་དེ་སེལ་བའི་ཤུལ་ལུ་ གཞུང་གིས་ རིན་གོང་ཕབ་ཆག་ཐོག་ལས་ འཕྲུལ་གླང་པཱ་ཝར་ཊི་ལར་༣ གནང་ཡོད་རུང་ དེ་གིས་ སློབ་གྲྭའི་དོས་དང་ ཅ་ཆས་ལྗིད་ཅན་ཚུ་ བསྐྱལ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
འཕྲུལ་གླང་པཱ་ཝར་ཊི་ལར་ལམ་དེ་གིས་ ས་གནས་ཀྱི་ ཁྱིམ་གུང་༧༣ ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment