གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རམ་འཇར་ལུ་ རྒཔོ་གསརཔ་བཙག་འཐུ་གྲུབ་ཡོདཔ།

༡༡/༨/༢༠༡༢   ༉ ཁ་ཙ་ བཀྲིས་གཡང་རྩེ་རྫོང་ཁག་ནང་ ས་གནས་གཞུང་གི་ བཙག་འཐུ་ཐེངས་༣ པ་ འགོ་འདྲེན་འཐབ་པའི་སྐབས་ རྒཔོ་གི་འདེམས་ངོ་ ཕུད་རྡོག་གཅིག་ལས་མེད་མི་ སྨིན་ཤིང་ལས་ སྐྱེས་ལོ་༣༦ ལང་མི་ ཀརྨ་དེ་ རམ་འཇར་གྱི་རྒཔོ་གསརཔ་སྦེ་ བཙག་འཐུ་གྲུབ་ནུག།
རམ་འཇར་འབྲིང་རིམ་སློབ་གྲྭ་བར་མའི་ནང་ རྒཔོ་བཙག་འཐུའི་དོན་ལུ་ ཚོགས་རྒྱན་བཙུགས་པར་འོང་མི་ཚུ་ལུ་ ཁྲིམས་སྲུང་འགག་པ་གིས་ བལྟ་ཞིབ་འབད་བའི་བསྒང་།


དེ་ཡང་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགསཔ་ད་ ཀརྨ་གིས་ དགོ་གི་ཚོགས་རྒྱན་༣༡༤ ཐོབ་ཡོདཔ་ད་ མི་དགོ་གི་ཚོགས་རྒྱན་བཙུགས་མི་༤༧ མ་གཏོགས་ མ་ཐོན་པས།
ཧེ་མའི་རྒཔོ་ དབང་འདུས་གྲུ་པ་དེ་ སྤྱི་ཟླ་༧ པའི་ཚེས་༦ ལུ་ སྣུམ་འཁོར་ ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་པའི་ཤུལ་ལུ་ རམ་འཇར་རྒཔོ་གི་ ས་སྟོང་ཐོན་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ ཉིན་མའི་ཆུ་ཚོད་༢.༡༥ དེ་ཅིག་ཁར་ བར་མཚམས་རྒེད་འོག་ ཤེ་ནང་འུང་ལུ་བྱུངམ་ད་ རྒཔོ་དབང་འདུས་གྲུ་པ་དེ་ ཁ་འཐུམ་མར་ བསད་དཔ་ཨིན་པས།
ཚེ་འདས་རྒཔོ་དང་གཅིག་ཁར་ འགྲོ་འགྲུལ་འབད་མི་ ཕོ་སྐྱེས་ཅིག་དང་ ཨམ་སྲུ་ཅིག་ལུ་ རྨ་སྐྱོན་དུམ་གྲ་རེ་ བྱུང་ཡོདཔ་ད་ ཚེ་འདས་དེ་ ཁོ་གི་མནའམོ་ཨ་ལུ་སྐྱེས་ནིའི་དོན་ལུ་ བཀྲིས་སྒང་སྨན་ཁང་ནང་བསྐྱལ་ཏེ་ རམ་འཇར་ལུ་ ལོག་འོངམ་ད་ སྣུམ་འཁོར་རྦོབ་རིལ་ ཡར་སོཔ་ཨིན་པས།
རམ་འཇར་རྒཔོ་གསརཔ་ ཀརྨ་གིས་ དགེ་དྲུང་སྦེ་ ཕྱག་ཞུ་ཡོད་རུང་ སྤྱི་ལོ་༢༠༡༡ ལུ་ དམངས་མིའི་གོ་གནས་ཀྱི་ དོ་འགྲན་འབད་ནིའི་དོན་ལུ་ དགོངས་ཞུ་ འབད་བའི་ཤུལ་ལུ་ དམངས་མིའི་འགོ་ཐོག་བཙག་འཐུའི་ནང་ ཕམ་སོཔ་ཨིན་པས།
ད་རུང་ སྟོད་འཚོ་རྒེད་འོག་ ཁྱི་ཉལ་སྤྱི་འོག་གི་དོན་ལུ་ སྐྱེས་ལོ་༥༠ ལང་མི་ ཀརྨ་གྲུབ་ཆུ་དེ་ ཁྱི་ཉལ་ ཏོག་ཤིང་གི་ ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ དགོ་གི་ཚོགས་རྒྱན་༧༡ དང་ མི་དགོ་གི་ཚོགས་རྒྱན་༡༣ ཐོབ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཕྱེམ་མཁར་སྤྱི་འོག་གི་དོན་ལུ་ ཚོགས་པ་མེད་པར་ ས་སྟོང་སྦེ་ར་ ལུས་ཡོདཔ་ད་ མེ་ནམ་ལས་ འདེམས་ངོ་ཅིག་ ཐོན་མི་དེ་ གཞི་རྟེན་ཤེས་ཡོན་ལྷབ་མི་ཅིག་ཨིན་རུང་ འབྲི་ལྷག་ཤེས་ཡོན་གྱི་ བརྟག་དཔྱད་ཆོས་རྒྱུགས་ལས་ མཐར་འཁྱོལ་གྱི་ བརྒྱ་ཆ་ཐོབ་མ་ཚུགས་པར་ ཆ་མེད་བཏང་ནི་དེ་གིས་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment