གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་ལས་ ཚོད་བསྲེ་མངམ་ཐོན་དོ་ཡོདཔ།

༡༣/༨/༢༠༡༢   ༉ ཐིམ་ཕུ་ལུ་ ཚོད་བསྲེ་སྦུང་ཚོང་འཐབ་མི་༡༤ ཡོད་མི་ལས་༦ གིས་ ཁ་ཙ་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ ཚོད་བསྲེ་མེ་ཊིག་ཊཱན་༨ དེ་ཅིག་དང་ ཤིང་འབྲས་ཀེ་ཇི་༡,༢༠༠ ལྷགཔ་ཅིག་ སྔོན་མངགས་འབད་ཡོདཔ་ཨིན་པས།


ཁོང་གིས་ མཁོ་མངགས་འབད་མི་དང་འཁྲིལ་ བཟའ་སྤྱོད་ལས་འཛིན་གྱིས་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ རྒྱ་གར་གྱི་ཁྲོམ་སྡེ་ ཕ་ལ་ཀ་ཊ་ལས་ མཁོ་མངགས་འབདཝ་ཨིན་པས།
ཨིན་རུང་ བདུན་ཕྲག་ཧེ་མའི་ནང་ ཚོད་བསྲེ་སྦུང་ཚོང་འཐབ་མི་༡༡ གིས་ ཚོད་བསྲེ་དང་ ཤིང་འབྲས་མེ་ཊིག་ཊཱན་༣༢ སྔོན་མངགས་འབད་མི་དང་ཕྱདཔ་ད་ ལེ་ཤ་གིས་ མར་བབས་སོང་ཡོདཔ་ཨིན་པས།
དེ་སྦེ་ མར་བབས་སོང་མི་དེ་ཡང་ རྒྱལ་ཁབ་ ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་ཐོན་སྐྱེད་ཡར་སེང་སོང་མི་ལུ་བརྟེན་ཨིན་ཟེར་ སོ་ནམ་ལྷན་ཁག་ དངུལ་ཐོག་སྡེ་ཚན་ལས་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ བདུན་ཕྲག་རེའི་ནང་ ནང་འཁོད་ཀྱི་ ཚོད་བསྲེ་དང་ ཤིང་འབྲས་མེ་ཊིག་ཊཱན་༡༠༠ དེ་རེ་ ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁར་ འབག་འོངམ་མས་ཟེར་ཨིན་པས།
ནང་འཁོད་ལས་ཐོན་མི་ཚོད་བསྲེ་ དཔེར་ན་ ལ་ཕུག་དམརཔོ་དང་ ཨེ་མ་ འདབ་མ་ཀོ་པི་ མེ་ཏོག་ཀོ་པི་ གོན་ཅུང་ བླམ་བན་ད་ དེ་ལས་ ཤིང་འབྲས་ཚུ་གི་གྲས་ལས་ ཨེ་པཱལ་དང་ སྐྱུར་གླི་ ཁམ་ ངང་ལག་ཚུ་ཡུདཔ་ཅིག་ རྒྱལ་ཁབ་ཀྱི་ ས་གནས་ཆ་མཉམ་ལས་ ཐོནམ་ཨིན་རུང་ མང་ཤོས་ར་ ཧཱ་དང་ སྤུ་ན་ཁ་ སྤ་རོ་ རྩི་རང་ ཐིམ་ཕུ་རྫོང་ཁག་ཚུ་ནང་ལས་ འབག་འོང་དོ་ཡོདཔ་ཨིན་པས།
སྦུང་ཚོང་འཐབ་མི་ ཀུན་བཟང་རྒྱལ་མཚན་གྱིས་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ ཁྲོམ་ཁར་མངམ་ཐོན་མི་དང་བསྟུན་ ཁོ་ལུ་ཡང་ ཚོད་བསྲེ་གསརཔ་ཐོབ་ནི་ལུ་ འཇམ་ཏོང་ཏོ་ཡར་སོ་ཡི་ཟེར་ཨིནམ་ད་ གཡུས་ཁ་ལས་ཐོན་མི་ ཚོད་བསྲེའི་རིན་གོང་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་མི་དང་ཕྱདཔ་ད་ མཐོ་སུ་ཅིག་ཨིན་རུང་ ནཱ་ལས་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་ནི་དེ་གིས་ སྟབས་བདེ་ར་བདེ་བས་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment