གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་ཉིནམ་ལས་ གཡང་འཕེལ་མདའ་རྩེད་ཀྱི་ ནཱོག་ཨའུཊ་འགོ་བཙུགས་ཡོདཔ།

༡༣/༨/༢༠༡༢   ༉ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་ལུ་སྦེ་ ཁ་ཙ་ རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་གྱིས་ སྐོར་ཐེངས་༡༥ འི་ནང་ སྐུགས་༣ ཆོད་དེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ནཱོག་ཨའུཊ་ ཉིནམ་གཉིས་པའི་ནང་ ལྟདམོ་ལྟ་མི་ཚུ།


དེ་ཡང་ ཉིན་མའི་རྩེད་འགྲན་ནང་ བུ་ཊཱན་ནོར་ཐཱན་ཨེཌ་བཱན་ཅར་དང་ རྒྱལ་ཡོངས་དགའ་སྐྱིད་ དེ་ལས་ བདེ་ཆེན་ལམ་སྲོལ་ལྟ་བཤལ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ སྐོར་ཐེངས་༡༡ ཚུན་ བུ་ཊཱན་ནོར་ཐཱན་ཨེཌ་བཱན་ཅར་སྡེ་ཚན་གྱིས་ སྐུགས་༢ ཆོད་ཡོདཔ་ད་ རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་གྱིས་ སྐུགས་༡ ལས་བརྒལ་ཆོད་མ་ཚུགས་པས།
ཨིན་རུང་ སྐོར་ཐེངས་༡༣ པའི་ནང་ རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་གྱིས་ སྐུགས་༡ ཆོད་ཡོདཔ་ལས་ ལྟདམོ་ལྟ་མི་ཚུ་ཡང་ སྡེ་ཚན་༢ ཀྱི་བར་ན་ ཕན་ཚུན་དོ་འགྲན་འབྱུང་ནི་ཨིན་མས་ཟེར་ ལོ་རྒྱུས་སླབ་སྡོད་ནུག།
མདའ་རྩེད་ཀྱི་ མཇུག་བསྡུའི་སྐོར་ཐེངས་༡༥ གི་སྐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་གྱིས་ ལྕོགས་གྲུབ་དང་ རིག་རྩལ་བཏོན་མི་ལུ་བརྟེན་ སྐུགས་༣ པམ་དེ་ཡང་ཆོད་དཔ་ལས་ སྡེ་ཚན་གཉིས་ཀྱི་བར་ན་ པེ་ནཱལ་ཊི་ཤུཊ་ཨའུཊ་རྐྱབ་དགོཔ་མ་ཐོནམ་ཨིན་པས།
དྲོ་པའི་རྩེད་འགྲན་ནང་ ལྷུན་གྲུབ་རྩེ་ཆ་རོགས་དང་ མི་ཕམ་ལྔ་ དེ་ལས་ ཆུབ་པི་རི་ལོགཌ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ ལྷུན་གྲུབ་རྩེ་ཆ་རོགས་དང་ ཆུབ་པི་རི་ལོགཌ་སྡེ་ཚན་༢ ཀྱིས་ སྐོར་ཐེངས་༡༥ འི་ནང་ སྐུགས་རེ་རེ་ ཆོད་ཡོདཔ་ལས་ པེ་ནཱལ་ཊི་ཤུཊ་ཨའུཊ་རྐྱབ་ད་ ལྷུན་གྲུབ་རྩེ་ཆ་རོགས་ཀྱིས་ རྒྱལ་ཁ་ཐོབ་ཅི།
འབྲུག་ལྷ་ཡུལ་བཟོ་སྐྲུན་དང་ འཕྲིན་ལས་ལྷ་མཛེས་ དེ་ལས་ བསྟན་འཛིན་དོན་གྲུབ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་ལྷ་ཡུལ་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་༣ ཆོད་དེ་ ཀོ་ཊར་ཕའི་ནཱལ་ནང་ལྷོད་ཅི།
ད་རིས་ དྲོ་པའི་རྩེད་འགྲན་ནང་ དཀར་མདའ་དང་ བསོད་ནམས་ཨོ་ཊོ་མོ་བཱ་ཡལ་ དེ་ལས་ གཡུལ་རྒྱལ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་དང་ འབའ་སྐྱོར་གཞན་མིའི་ནང་ བཱུ་ལུ་པཱ་པི་ལྟ་བཤལ་དང་ ཨའུ་ཊ་ཨོ་ཊོ་མོ་བཱ་ཡལ་ དེ་ལས་ ཝེཌསི་ཊཱོན་བུལསུ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
ཉི་མའི་རྩེད་འགྲན་ནང་ སངས་རྒྱས་ཟླ་བ་དང་ ཨའིསི་བྲག་ དེ་ལས་ ཀརྨ་ཐར་མེསི་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་དང་ འབའ་སྐྱོར་གཞན་མིའི་ནང་ བཀའ་གྲོལ་དང་ ཚེ་རིང་ཆས་ལྔ་ དེ་ལས་ བུ་ཊཱན་ཨེསི་ཊེ་ཤཱན་ཊི་ཊི་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment