གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༤ ལས་༣ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་ཀྱི་དོན་ལུ་ གྲ་སྒྲིགས་སོང་ཡོདཔ།

༡༣/༨/༢༠༡༢   ༉ ཀུན་གསལ་གྱིས་ འབྲེལ་བ་འཐབ་མ་ཚུགས་མི་ སྲིད་ཚོགས་༡ མ་གཏོགས་ གཞན་མི་ སྲིད་ཚོགས་༣ འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ ཡོདཔ་ཨིན་པས།


དེ་ཡང་ འབྲུག་ཀུན་མཉམ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པ་ དེ་ལས་ འབྲུག་མཉམ་རུབ་ཚོགས་པ་ཚུ་གིས་ ཤུལ་མམ་གྱི་ཟླཝ་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཚུགས་ནི་ཨིན་རུང་ འབྲུག་མི་སེར་ཚོགས་པ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས།
འབྲུག་ཀུན་མཉམ་ཚོགས་པའི་ནང་ ད་ལྟོ་ཚུན་ལུ་ ཨམ་སྲུ་༤ རྩིས་པའི་ འཐུས་མི་༡༧ ཐོ་བཀོད་འབད་ཚར་ཡོདཔ་ད་ ཚོགས་པའི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ འབད་བ་ཅིན་ སྤྱི་ཟླ་༩ པ་ མཇུག་བསྡུ་ཁམས་དང་ དེ་མེན་ སྤྱི་ཟླ་༡༠ པ་ འགོ་བཙུགས་ཁམས་ལུ་ ཐོ་བཀོད་འབད་ནིའི་ མནོ་བསམ་བཏང་དོ་ཟེར་ཨིན་པས།
ཚོགས་པ་དེ་གིས་ བདུན་རིམ་བཞིན་དུ་ ཞལ་འཛོམས་ཚུ་ འཚོགས་དོ་ཡོདཔ་བཞིན་དུ་ འཐུས་མི་ཚུ་ཡང་ ཐོ་བཀོད་འབད་བའི་བསྒང་ ཡོདཔ་ཨིན་པས།
ཚོགས་པའི་མགྲིན་ཚབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཤུལ་མའི་བདུན་ཕྲག་༢ ཀྱི་རིང་ལུ་ འཐུས་མི་དག་པ་ཅིག་གི་ མིང་ཚུ་ཡང་ གསལ་སྟོན་འབད་འོང་ཟེར་ཨིན་པས།
དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་དེ་ ཐོ་བཀོད་ཀྱི་དོན་ལུ་ གྲ་སྒྲིགས་སོང་ཡོདཔ་ཨིན་རུང་ ནམ་ཐོ་བཀོད་འབད་ནི་ཨིན་ནའི་སྐོར་ལས་ བཀོད་ཁྱབ་ཞལ་འཛོམས་ཅིག་ འཚོགས་ནི་ལུ་ བསྒུག་དོ་ཡོདཔ་ཨིན་པས།
ཚོགས་པའི་མགྲིན་ཚབ་ ཚེ་རིང་རྡོ་རྗེ་གིས་ བཤད་མིའི་ནང་ མགར་ས་དང་ བསམ་རྩེ་ དེ་ལས་ ཆུ་ཁ་ལས་འབདཝ་ད་ འཐུས་མི་༣ གཏན་འཁེལ་སོང་མི་དང་འཁྲིལ་ འཐུས་མིའི་ཐོ་ ཚང་ཡོདཔ་ཨིན་རུང་ བསྒྱུར་བཅོས་འབྱུང་སྲིད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཨམ་སྲུ་ཅིག་གིས་ འགོ་ཁྲིད་འབད་མི་ སྲིད་ཚོགས་དེ་ནང་ གཞན་མི་འཐུས་མི་ ཨམ་སྲུ་༩ དེ་ཅིག་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ‘’གནས་སྐབས་གསརཔ་ དུས་ཚོད་གསརཔ’’ ཟེར་མི་དེ་ འབྲུག་མཉམ་རུབ་ཚོགས་པའི་ བརྗོད་དོན་ཨིནམ་ད་ དེ་ཡང་ འདས་པའི་ཟླ་ངོ་༢ ཀྱི་རིང་ བརྗོད་དོན་༢༠ དེ་ཅིག་གི་གྲས་ལས་ མཐའ་བཅད་འབད་དེ་ བཟོ་ཡོདཔ་ཨིན་པས།
ཚོགས་པའི་མགྲིན་ཚབ་ ནོར་བུ་དབང་ཕྱུག་གིས་ འབད་བ་ཅིན་ ད་རེས་ ང་བཅས་ཚུ་ དུས་ཚོད་གསར་པའི་ནང་ ལྷོད་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ ཐབས་ལམ་དང་ རིག་རྩལ་ དེ་ལས་ རིག་པ་ཚུ་ གསརཔ་དགོཔ་ ཡོད་ཟེར་ཨིནམ་ད་ བརྗོད་དོན་དེ་ཡང་ ཚོགས་པའི་གཞི་རྩ་ མདོར་བསྡུས་ཅིག་ ཨིན་ཟེར་ཨིན་པས།
ཚོགས་པ་གིས་ བཤད་མིའི་ནང་ ཁོང་གི་ ཁས་སླངས་གསལ་བསྒྲགས་ཚུ་ ཐུང་སུ་ཅིག་དང་ གསལ་ཏོག་ཏོ་སྦེ་བཟོ་མི་དང་འཁྲིལ་ མནོ་བསམ་ལེགས་ཤོམ་སྦེ་བཏང་ཐོག་ལས་ དོན་ཚན་༧ འབད་བའི་ འཆར་གཞི་ཅིག་ཡང་ བརྩམས་ཏེ་ ཡོད་ཟེར་ཨིན་པས།
འཆར་གཞི་ཚུ་ཡང་ ཚོགས་པའི་དམིགས་དོན་ གཙོ་བོ་ཅིག་ཨིནམ་ད་ རྒྱལ་སྲིད་ཁོང་གིས་ གཞུང་སྐྱོང་ནིའི་དོན་ལུ་ ཚོགས་རྒྱན་གྱི་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་  རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ གཙོ་རིམ་བྱིན་ཏེ་ ཡོད་ཟེར་ཨིན་པས།
སྲིད་ཚོགས་དེ་ནང་ ད་ལྟོ་ཚུན་ལུ་ མི་ངོ་༣༡ གཏན་འཁེལ་སོང་ཡོདཔ་ད་ ངོས་འཛིན་འབད་ཡོད་པའི་ མི་ངོ་གཞན་ཚུ་ཡང་ འཕྲལ་མགྱོགས་ར་ གཏན་འཁེལ་བཟོ་ནི་ཨིན་པས།
དེ་བཟུམ་སྦེ་ ཚོགས་པ་དེ་གིས་ ངོས་འཛིན་འབད་ཡོད་པའི་ སྲིད་འཛིན་གྱིས་ ཁས་ལེན་ནི་ལུ་ བསྒུག་དོ་ཡོདཔ་ད་ མགྲིན་ཚབ་ཀྱིས་ འབད་བ་ཅིན་ ད་ལྟོ་ སྲིད་འཛིན་སྦེ་ ངོས་འཛིན་འབད་ཡོད་མི་ ཕོ་སྐྱེས་དེ་གིས་ བཏུབ་དང་མི་བཏུབ་ཀྱི་སྐོར་ལས་ ག་ཅི་ཡང་ སླབ་སླབ་མེད་རུང་ ཚོགས་པ་ལུ་ གདམ་ཁ་གཞན་ མེད་ཟེར་ཨིན་པས།
སྲིད་འཛིན་དེ་ལུ་ མི་མང་ཤོས་ཅིག་གིས་ར་ བློ་གཏད་ཚུགསཔ་ད་ འགོ་ཁྲིད་ཀྱི་སྤུས་ཚད་ ལེགས་ཤོམ་ཡོདཔ་སྦེ་ ཡིད་ཆེས་བསྐྱེད་མི་ལུ་བརྟེན་ ཁོ་ལུ་ར་ བསྒུག་དོ་ཡོདཔ་ལས་ སྤྱི་ཟླ་༡༠ པ་ འགོ་བཙུགས་ཁམས་ཅིག་ཁར་ ཚོགས་པ་དེ་ ཐོ་བཀོད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment