གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་ བསུབས་བཞག་པའི་བྲེལ་ཟིང་།

༣/༨/༢༠༡༢   ཞིང་ལམ་བཏོན་པའི་སྐབས་ བསྟུན་གྲོས་འབད་མ་བཏུབ་ཟེར་ སའི་ཇོ་བདག་གིས་ ཁ་ཉེས་བཀལ་ཡོདཔ་ཨིན་པས།

༉ བུམ་ཐང་སྟང་རྒེད་འོག་ནང་ གཡུས་ཚན་༦ དེ་ཅིག་གི་ མི་སེར་སོ་ནམ་པ་ཚུ་ ཀེ་བའི་ཚོང་སྒྱུར་ འཐབ་ནི་རནམ་ད་ ཉེ་འདབས་ཀྱི་ སོ་ནམ་ཞིང་ལམ་ཅིག་ སའི་ཇོ་བདག་གིས་ ལག་ལེན་འཐབ་མ་བཅུག་པར་ རཝ་རྐྱབ་སྟེ་ བཞག་མི་ལུ་བརྟེན་ ཀེ་བའི་དོས་ཚུ་ སྒལ་ཏོ་ཁར་ འབག་བསྐྱལ་དགོ་པའི་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།


དེ་ཡང་ སྐྱིད་འཛོམས་གཡུས་ཚན་གྱི་ ཉེ་འདབས་ལུ་ཡོད་མི་ སོ་ནམ་ཞིང་ལམ་དེ་ སྟང་རྒེད་འོག་ལས་ཨིན་མི་ ད་ལྟོ་ བྱ་དཀར་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་ཨིན་མི་གིས་ ཟླ་ངོ་དག་པ་ཅིག་གི་ཧེ་མ་ལས་ ལྕགས་སྐུད་རཝ་རྐྱབ་སྟེ་ བསུབས་བཞག་པའི་ཤུལ་ལས་ གཡུས་ཚན་༦ གི་ མི་སེར་ཚུ་གི་ ས་རྐོ་འཕྲུལ་གླང་ཚུ་ཡང་ རྒྱུན་འབྲེལ་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ད་ལྟོ་ ས་གནས་ཀྱི་ མི་སེར་ཚུ་ ཀེ་བ་བཙོང་ནིའི་ དུས་ཚོད་རན་དོ་ཡོདཔ་ལས་ ཀེ་བའི་དོས་ཚུ་ ཟུར་ལམ་ཁར་ འབག་བསྐྱལ་དགོཔ་ད་ དཀའ་ངལ་སྦོམ་འབྱུང་ནི་ཨིནམ་ལས་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
སྐྱིད་འཛོམས་ལས་ སྐྱེས་ལོ་༢༣ ལང་མི་ ལས་སྐྱིད་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་མི་ཚུ་ག་ར་ ཀེ་བ་བསྡུ་ཚར་ཏེ་ གནམ་གཤིས་ལེགས་ཤོམ་འགྱོ་ནི་ལུ་ སྒུག་སྟེ་ཡོདཔ་ཨིན་རུང་ ཞིང་ལམ་བསུབས་བཞག་མི་ལུ་བརྟེན་ ཀེ་བའི་དོས་ཚུ་ ལས་མི་གླ་ཁར་ལེན་ཏེ་ འབག་བསྐྱལ་དགོ་ནི་ཨིནམ་ལས་ ཟད་འགྲོ་ཐེབས་ གནས་ནི་མས་ཟེར་ཨིན་པས།
ལམ་བསུབས་པའི་སྐོར་ལས་ གཡུས་སྒོའི་ མི་ཚུ་གིས་ ཚོགས་པ་ལུ་ ངག་བརྒྱུད་ཐོག་ལས་ དཀའ་ངལ་ཡོད་ལུགས་ཚུ་ གསལ་བཤད་འབད་ཡོདཔ་ཨིན་རུང་ ཡིག་ཐོག་ལུ་ ག་ནི་ཡང་ མ་བཀོད་པ་ལུ་བརྟེན་ ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ ཚོགས་པ་ ལས་སྐྱིད་ལ་གིས་ སླབ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་ཞིང་ལམ་དེ་ ག་ཅི་ལུ་བརྟེན་ བསུབས་ཡོདཔ་ཨིན་ན་ ཧ་མ་གོ་ཟེར་ཨིནམ་ད་ ལམ་དེ་བསུབས་པའི་ཤུལ་ལས་ གཡུས་ཁའི་མི་ཚུ་གིས་ ཉེ་འདབས་ལུ་ཡོད་མི་ སྤྲིངས་ཟམ་དེ་ཡང་ འཕྲུལ་གླང་པ་ཝར་ཊི་ལར་གྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཉེན་བརྡ་བྱིན་དགོཔ་ ཐོན་ཡི་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ རྫོང་ཁག་བདག་སྐྱོང་གིས་ འཕྲལ་ཁམས་ཅིག་ཁར་ ཞིབ་དཔྱད་འབད་ཡོདཔ་ད་ བུམ་ཐང་རྫོང་རབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་ སྦོམ་ཅིག་མེནམ་ལས་ ས་གནས་ཀྱི་མི་དང་ སའི་ཇོ་བདག་ཚུ་ བློ་སླབ་སྟེ་ ནང་འགྲིག་འབད་དགོ་པའི་ དུས་ཚོད་བྱིན་ཡོདཔ་ལས་ ལན་གསལ་ལྷོད་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ སའི་ཇོ་བདག་གིས་ ག་ནི་ཡང་ སླབ་མ་བཏུབ་རུང་ རྫོང་རབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སའི་ཇོ་བདག་ལུ་ ས་གནས་ཀྱི་ མི་ཚུ་གིས་ ཁོ་གི་ཞིང་ནང་ལས་ ཞིང་ལམ་བཏོན་པའི་སྐབས་ ཁོ་དང་གཅིག་ཁར་ བསྟུན་གྲོས་འབད་མ་བཏུབ་ཟེར་བའི་ ཁ་ཉེས་བཀལ་ནི་འདུག་ཟེར་ཨིན་པས།
ཨིན་རུང་ སལ་མད་གཡུས་ཚན་ལས་ཨིན་མི་ དམངས་ཨཔ་བགྲེསཔ་ དགྲ་འདུལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་བཏོན་པའི་སྐབས་ ཚེ་འདས་སྤྱི་མི་གིས་འབད་ཡོདཔ་ལས་ གན་རྒྱ་ག་ཅི་བཟོ་ཡི་ག་ མ་ཤེས་པའི་ཁར་ མི་སེར་ཚུ་གིས་ཡང་ ཁ་གསལ་ཅིག་ མི་ཤེས་པས་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment