གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ ཉིནམ་༣ ནང་ སློབ་ཕྲུག་ཨ་ལུ་༢ སྣུམ་འཁོར་གྱིས་ འཐུ་བཀོ་ཡོདཔ།

༣/༨/༢༠༡༢   ༉ ཉིནམ་གསུམ་གྱི་ནང་འཁོད་ལུ་ བུམ་ཐང་ དབང་འདུས་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཨ་ལུ་གཉིས་ སྣུམ་འཁོར་གྱིས་འཐུ་བཀོ་སྟེ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་བསྐྱལ་ཡོདཔ་ཨིན་པས།


ཐུག་རྐྱེན་དང་པ་དེ་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་ ཉིན་མའི་ ལྟོ་གི་དུས་ཚོད་ཁར་ སློབ་གྲྭའི་སྒོ་ར་སྒོ་གི་ཉེ་འདབས་ལུ་ སྣུམ་འཁོར་མ་རུ་ཏི་ཅིག་གིས་ སློབ་རིམ་དང་པའི་ནང་སློབ་སྦྱོང་འབད་མི་ བུཚ་གི་རྐངམ་གཡོནམ་དེ་བསྣད་བཏང་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་བྱུང་པའི་སྐབས་ ཨ་ལུ་དེ་ སྒོ་ར་སྒོ་གི་ཕྱི་ཁར་ཐོནམ་ཅིག་ སྣུམ་འཁོར་གྱི་ རྒྱབ་ཁའི་འཁོར་ལོ་གི་འོག་ལུ་ ཚུད་སོ་ནུག་ཟེར་ཨིནམ་ད་ རྐངམ་གི་རུ་ཏོ་བཅག་དཀྲུམས་བཏང་ཡོདཔ་ལས་ དེ་ཚེ་ར་ ཐིམ་ཕུ་གཙོ་བསྟེན་སྨན་ཁང་ནང་བཏང་ཡི་ཟེར་ཨིན་པས།
ཁ་ཙ་གི་ རྐྱེན་ངན་དེ་ཡང་ ཉིན་མའི་ལྟོ་གི་དུས་ཚོད་ཁར་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ ཡིག་ཚང་གི་ཉེ་འདབས་ལུ་ གླ་འཁོར་ཅིག་གིས་ བློ་གསར་སློབ་རིམ་གྱི་ བུམོ་ཅིག་ འཐུ་བཀོཝ་ད་ བུམོ་དེ་ དྲན་པ་མེདཔ་ཐལ་ཡོདཔ་ཨིན་པས།
ཐུག་རྐྱེན་བྱུང་ས་མཐོང་མི་ ཨ་ལུའི་ཕམ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གླ་འཁོར་ཤུགས་སྦེ་བཏང་འོང་མི་གིས་ བུམོ་དེ་གུ་ཕོགཔ་ཅིག་ འཁོར་ལམ་ལས་ མི་ཊར་དག་པ་ཅིག་གི་ས་ཁར་ འཐུ་བཀོག་བཏང་ཡི་ཟེར་ཨིན་པས།
དབུ་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ བུམོ་དེ་གི་གཟུགས་ཀྱི་ཕྱི་ཁར་ རྨ་སྐྱོན་ཚུ་མ་བཏོན་རུང་ ནང་ན་གནོད་སྐྱོན་བྱུང་བྱུངམ་འོང་ནི་ཨིནམ་ལས་ དྲན་མེད་སྦེ་ར་ དེ་འཕྲལ་ལས་ ཐིམ་ཕུ་ལུ་བཏང་ཡི་ཟེར་ཨིན་པས།
བློ་གསར་སློབ་རིམ་དང་ སློབ་རིམ་དང་པའི་ཕམ་ཚུ་ལུ་ ཨ་རྟག་ར་ ཨ་ལུ་ལེན་པར་འོང་དགོཔ་སྦེ་ སླབ་པའི་ཁར་ ཨ་ལུ་ཚུ་ལུ་ཡང་ ཕམ་དང་གཅིག་ཁར་ འགྱོ་དགོཔ་སྦེ་ སླབ་དོ་ཟེར་ཨིན་པས།
རྐྱེན་ངན་བྱུང་སའི་ས་ཁོངས་ནང་ གླ་འཁོར་གྱི་ འཁོར་ལོའི་བཤུལ་གནགཔོ་སྦེ་ མི་ཊར་དག་པ་ཅིག་གི་རྩིས་ བཏོན་ཡོད་མི་ལུ་བལྟ་བ་ཅིན་ སྣུམ་འཁོར་དེ་ ཤུགས་ཚད་ལས་བརྒལ་ཏེ་ བཏང་ནུག་ཟེར་ ཕམ་ཅིག་གིས་ སླབ་ཨིན་པས།
ཧེ་མའི་རྐྱེན་ངན་བྱུང་བའི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་ལྷོད་དེ་འབད་རུང་ ཁ་ཙ་ རྐྱེན་ངན་བྱུང་མིའི་དེད་གཡོགཔ་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment