གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦ་སྒོར་༧ མེ་གིས་འཚིགས་ཡོདཔ།

༣/༨/༢༠༡༢   གཟན་དོམ་ཚུ་ བདའ་གཏང་ནིའི་དོན་ལུ་ ཉལ་ཁྲིའི་སྦོ་ལོགས་ཁར་ མེ་ཆུང་ཀུ་ཅིག་ འཕུ་བཞག་མི་དེ་ལས་ མེ་རྐྱེན་བྱུང་བྱུངམ་འོང་ནི་མས་ཟེར་ཨིན་པས།

༉ སྤྱི་ཟླ་༨ པའི་ཚེས་༡ ལུ་ ནུབ་མོའི་ཆུ་ཚོད་༨ དང་སྐར་མ་༣༠ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ བ་འཇོ་ཐང་གི་མགུ་ལུ་ ཨེན་ཏ་དང་ འདམ་གྱིས་རྐྱབ་མི་ སྦ་སྒོར་༧ མེ་གིས་འཚིགས་ཡོདཔ་ཨིན་པས།
སྦ་སྒོར་ནང་ སྡོད་མི་ཚུ་ག་ར་ ཤིང་དྲ་ཁང་ནང་ ལཱ་འབད་མི་ཚུ་ཨིན་པས།

མེ་རྐྱེན་གྱིས་ སྦ་སྒོར་༧ འཚིགས་བཏང་པའི་མཐོང་སྣང་།


སྦ་སྒོར་ཚུ་ག་ར་ གྱལ་བསྣར་ཏེ་ གཅིག་ཁར་ཡོདཔ་ལས་ མེ་འབར་ཏེ་ ཁྱིམ་༥ པའི་ནང་ལྷོདཔ་ད་ སྟབས་གཅིག་ཁར་ མེ་ཟུན་མི་ལུ་བརྟེན་ དུས་ཡུན་སྐར་མ་༣༠ དེ་ཅིག་ནང་ སྦ་སྒོར་ཚུ་ག་ར་ འཚིགས་ཚར་ཡི་ཟེར་ སྦ་སྒོར་ནང་སྡོད་མི་ ཀུན་བཟང་གིས་ སླབ་ཨིན་པས།
སྐྱེས་ལོ་༨ ལང་མི་ ཊེག་ནཱཐ་གིས་འབད་བ་ཅིན་ མེ་རྐྱེན་དེ་ ཁོ་གི་ཐབ་ཚང་ནང་ལས་ བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ ཐབ་ཚང་ནང་ལས་ ཚར་གཅིག་གུ་ དུ་པ་ལེ་ཤ་ཐོན་སར་མཐོངམ་ལས་ ཕྱི་ཁར་ཐོན་ཏེ་ ཁྱིམ་ཚང་ཚུ་ལུ་ སྐད་རྐྱབ་ཅི་ཟེར་ སླབ་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ མེ་རྐྱེན་དེ་ གློག་མེ་ལུ་བརྟེན་ཏེ་ བྱུང་ཡོད་པའི་ དོགས་པ་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཉལ་ཁྲིའི་ཁ་ཐུག་ལས་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཉལ་ཁྲིའི་སྦོ་ལོགས་ཁར་ གཟན་དོམ་ཚུ་ བདའ་ནིའི་དོན་ལུ་ མེ་ཆུང་ཀུ་ཅིག་ འཕུ་བཞག་མི་དེ་ལས་ བྱུང་བྱུངམ་འོང་ནི་མས་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ མེ་བསད་སྡེ་ཚན་དང་ སྤུ་ན་གཙང་ཆུའི་ མེ་བསད་འཕྲུལ་ཆས་ཚུ་ ས་གོ་ནང་ལྷོདཔ་ད་ སྦ་སྒོར་ཚུ་ ཧ་ལམ་ མེ་གིས་འཚིགས་ཚར་ཡོདཔ་ཨིན་པས།
ས་གོ་ནང་ ཚོང་རྐྱབ་སྡོད་མི་ སུག་མ་ཡ་གིས་ སླབ་མིའི་ནང་ དངུལ་ཀྲམ་འབུམ་༡ གནས་པའི་ཅ་ཆས་ཚུ་དང་ གསེར་ཏོ་ལ་༡ དེ་ཅིག་ དེ་ལས་ དངུལ་ཀྲམ་༤༠,༠༠༠ མེ་རྐྱེན་ནང་ འཚིགས་སོ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྦ་སྒོར་ནང་སྡོད་མི་ མང་ཤོས་ཅིག་ར་ དངུལ་ཀྲམ་༢,༠༠༠ ལས་༡༥,༠༠༠ འི་བར་ན་དང་ སེར་བཤུ་གོ་ དེ་ལས་ གསེར་དང་དངུལ་གྱི་རྒྱན་ཆ་ཚུ་ མེ་རྐྱེན་ནང་ ཤོར་ཡོདཔ་ཨིན་པས།
ཁོང་ག་ར་ ཤིང་དྲ་ཁང་ལུ་བརྟེན་ ཟླ་རིམ་གྱི་དངུལ་ཕོགས་ དངུལ་ཀྲམ་༧,༠༠༠ དང་༨,༠༠༠ གི་བར་ན་ ལེན་སྡོད་མི་ཙང་ཙ་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་ བཟའ་འཐུང་མེད་པའི་ དཀའ་ངལ་ཐོན་ཏེ་ ཡོདཔ་ཨིན་པས།
ཤིང་དྲ་ཁང་གི་ འཛིན་སྐྱོང་པ་ འཕྲིན་ལས་དབང་མོ་གིས་འབད་བ་ཅིན་ ད་ལྟོ་ གནས་སྐབས་ཅིག་གི་དོན་ལུ་ ཁོང་ཆ་ཁྱབ་ ཁྱིམ་ཚང་ཚུ་དང་གཅིག་ཁར་ སྡོད་དོ་ཟེར་ སླབ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment