གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞང་བཙོང་དང་ ཏམ་ཁུའི་འབྲེལ་གནད་ལུ་བརྟེན་ མི་༣ འཛིན་བཟུང་།

༣/༨/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ སྤ་རོ་ཚོང་འདུས་ཁྲོམ་ཁར་ གཞང་བཙོང་དང་འབྲེལ་བའི་ གནད་དོན་ནང་ འབྲེལ་གཏོགས་འབད་མི་༣ འཛིན་བཟུང་འབད་མིའི་གྲས་ལས་༡ གིས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ འཆང་ཡོདཔ་མཐོངམ་ལས་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
སྤ་རོ་ཚོང་འདུས་ལུ་ ཁྲིམས་སྲུང་འགག་པ་ཚུ་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ འཕྱོག་བཟུང་འབད་བའི་བསྒང་།


སྐྱེས་ལོ་༢༦ ལང་མི་ འབྲུག་མི་ཨམ་སྲུ་དེ་ལུ་ གཞང་བཙོང་འཐབ་པའི་ ཉེས་འཛུགས་དང་ སྐྱེས་ལོ་༢༠ ལང་མི་ རྒྱ་གར་གྱི་ཕོ་སྐྱེས་དེ་གིས་ ཨམ་སྲུ་དེ་གི་ ཚོང་མགྲོན་པ་འབད་བའི་ ཉེས་འཛུགས་ཐོག་ རྩོད་བཤེར་འབད་ནི་ཨིན་པས།
ཁྲིམ་སྲུང་འགག་པ་གིས་ རྟོགས་མེད་ཞིབ་དཔྱད་འབད་བའི་སྐབས་ ཕོ་སྐྱེས་དེ་དང་ ཨམ་སྲུ་དེ་ ཚོང་པ་ཅིག་གི་ ཚོང་ཁང་གི་ ས་གོ་ནང་མཐོང་ཡོདཔ་ལས་ ཚོང་པ་ཨམ་སྲུ་དེ་ལུ་ གཞང་བཙོང་གི་ལཱ་ནང་ ལྷན་ཐབས་འབད་བའི་ ཉེས་འཛུགས་ཐོག་ རྩོད་བཤེར་འབད་ནི་ཨིན་པས།
དེ་མ་ཚད་ ཚོང་ཁང་དེ་ནང་ འཚོལ་ཞིབ་འབད་བའི་སྐབས་ ཏམ་ཁུ་སི་ག་རེཊ་ ཤོག་སྒམ་༡,༦༠༠ དང་ བི་རི་ཆག་པ་༢༠༠ དེ་ལས་ གཞན་ཡང་ བཟའ་ནིའི་ཏམ་ཁུ་མ་འདྲཝ་ ལེ་ཤ་ཅིག་ར་ ཁང་མིག་གི་ བཅད་ཀྱི་བར་ན་ སྦ་བཞག་ཡོདཔ་མཐོངམ་ལས་ ཚོང་པ་ཨམ་སྲུ་དེ་གིས་ ཚད་ལས་བརྒལ་ཏེ་ ཏམ་ཁུ་འཆང་ཡོད་པའི་ ཉེས་འཛུགས་ཡང་ འབད་ནི་ཨིན་པས།
དེ་དང་གཅིག་ཁར་ དངུལ་རྐྱང་༧༢,༠༠༠ ཡང་ ཐོབ་ཡོདཔ་ལས་ སྒྲུབ་བྱེད་ཚུ་ ཁྲིམས་འདུན་ལུ་ ཕུལ་ནི་ཨིན་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ ཚོང་པ་ཨམ་སྲུ་དེ་གིས་ ཁྲིམས་འགལ་གྱི་ལཱ་ཚུ་ ཡང་བསྐྱར་འབད་མི་ཅིག་ཨིནམ་ད་ སྤྱི་ལོ་༢༠༠༩ ལུ་ཡང་ བཀག་འཛིན་ཅན་གྱི་ ཅ་ཆས་ཚུ་ ཚོང་འབྲེལ་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༦ བཀལ་ཡི་ཟེར་ཨིན་པས།
དེ་བསྒང་ཡང་ མོ་ལུ་ གཞང་བཙོང་དང་འབྲེལ་བའི་ལཱ་ འགོ་འདྲེན་འཐབ་པའི་ ཉེས་འཛུགས་ཕོག་ཡོདཔ་ཨིན་རུང་ སྒྲུབ་བྱེད་ཚུ་ བཏོན་མ་ཚུགས་མི་ལུ་བརྟེན་ གནད་དོན་དེ་ ཕྱིར་འབུད་བཏང་དགོཔ་ ཐོན་ཡི་ཟེར་ཨིན་པས།
ཨམ་སྲུ་དེ་ གོ་ལ་གི་ ཚོང་རྐྱབ་དོ་ཡོདཔ་ཨིན་རུང་ མོ་གིས་ ཁང་གླར་ལེན་མི་ ཁྱིམ་དེ་གི་རྒྱབ་ཁར་ ཁང་མིག་ཅིག་ གཞང་བཙོང་གི་དོན་ལུ་ ལག་ལེན་འཐབ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ རྒྱལ་ཁབ་ནང་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ ལག་ལེན་འཐབ་ནི་ འགོ་བཙུགས་པའི་ཤུལ་ལུ་ སྤ་རོ་ལུ་ ཏམ་ཁུ་རྒྱ་ཆེ་དྲགས་སྦེ་ ནག་ཚོང་འཐབ་པའི་ གནད་དོན་དེ་ འགོ་དང་པ་ཨིན་པས།
དེ་གི་ཧེ་མར་ སྤྱི་ལོ་༢༠༡༡ ལུ་ སྤ་རོ་གནམ་ཐང་ནང་སྦེ་ བསྟན་སྲུང་དམག་སྡེའི་ འགོ་དཔོན་ཅིག་ཡང་ ཏམ་ཁུའི་ནག་ཚོང་ནང་ འབྲེལ་གཏོགས་འབད་ཡོད་པའི་ གནད་དོན་ཅིག་ཡང་ ཐོན་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment