གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོགས་ཅན་ཕོ་སྐྱེས་༤ དོ་དམ་འོག་ལུ་བཙུགས་ཡོདཔ།

༣/༨/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༢༨ ཀྱི་ནུབ་མོར་ དབང་འདུས་ཕོ་བྲང་ རུས་སྦིས་ས་རྒེད་འོག་ ཨུ་ལ་ལྷ་ཁང་ལས་ ཨར་རྐུན་ཤོར་མི་གསེར་དང་དངུལ་གྱིས་བྲིས་མི་ བརྒྱད་སྟོང་པ་དེ་ ཉིནམ་དེ་གི་ནངས་པར་ ལོག་ཐོབ་ཡོདཔ་བཞིན་དུ་ ཨར་རྐུན་ནང་འབྲེལ་བ་ཡོད་མི་ དོགས་ཅན་ཕོ་སྐྱེས་༤ པོ་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ ཡོདཔ་ཨིན་པས།
ལོག་ཐོབ་མི་ གསེར་དང་དངུལ་གྱིས་བྲིས་མི་ བརྒྱད་སྟོང་པ།


ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལ་བ་ཅིན་ བརྒྱད་སྟོང་པ་དེ་ ཐོག་ཚད་༡ འབད་མི་ ལྷ་ཁང་གི་ སྒོ་སྒྲིག་ནང་ལས་འཛུལ་ཏེ་ བཏོན་འབག་ནུག་ཟེར་ཨིནམ་ད་ ལྷ་ཁང་དེ་ སྤྱི་ལོ་༡༩༣༩ དེ་ཅིག་ལུ་ བཞེངས་ནི་དེ་གིས་ རྙིངམ་ཐལ་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་༤ གི་གྲས་ལས་༢ སྐྱེས་ལོ་༣༧ ལང་མི་ཨིནམ་བཞིན་དུ་ གཅིག་ ལས་འཛིན་ཅིག་ནང་ ལཱ་འབད་དོ་ཡོདཔ་ད་ གཞན་མི་དེ་ ལས་འགུལ་ཅིག་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།
ཁོང་༢ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ འཛིན་བཟུང་འབད་ཡོདཔ་ད་ གཞན་མི་༢ པོ་དེ་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོང་༢ ཀྱི་གྲས་ལས་ གཅིག་ སྤུ་ན་ཁ་གྲྭ་ཚང་གི་ དགེ་སློང་བགྲེསཔ་ཨིནམ་ད་ གཞན་མི་དེ་ ས་ནོམ་པ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ བརྒྱད་སྟོང་པ་གསེར་བྲིསམ་དེ་ ལྷ་ཁང་གི་ འོག་ལུ་ཡོད་པའི་ ཁྱིམ་ནང་ལས་ ཐོབ་ཡོདཔ་ད་ ཁྱིམ་དེ་ནང་ མ་བཞག་པའི་ཧེ་མར་ ཐིམ་ཕུ་ལུ་ཡང་ བསྐྱལ་ནུག་ཟེར་ཨིནམ་ད་ དེ་བསྒང་ ཕུན་ཚོགས་གླིང་ལུ་འབག་སྟེ་ བཙོང་ནིའི་དཔའ་བཅམ་ནུག་ཟེར་ཨིན་པས།
རྒྱབ་དང་མདུན་ལུ་ གྱལ་ཐེངས་༡༠ རེ་འབད་མི་ བརྒྱད་སྟོང་པ་དེ་ གསེར་དང་ དངུལ་གྱིས་ སྤེལ་ཏེ་བྲིས་ཡོདཔ་ཨིན་པས།
རིང་ཚད་ཕིཊ་༢ དེ་ཅིག་དང་ རྒྱ་ཚད་ཕིཊ་ ཕྱེད་དེ་ཅིག་འབད་མི་ བརྒྱད་སྟོང་པ་དེ་ ལྗིད་ཚད་ཀེ་ཇི་༡༥ དེ་ཅིག་ འཐོན་ནི་ཨིནམ་ད་ བརྒྱད་སྟོང་པ་དེ་ འཕྲལ་མགྱོགས་ར་ རྫོང་ཁག་སྲོལ་འཛིན་འགོ་དཔོན་ལུ་ རྩིས་སྤྲོད་འབད་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment