གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ལུ་ ཀེ་བའི་གོང་ཚད་ ལེགས་ཤོམ་ཐོབ་དོ་ཡོདཔ།

༤/༨/༢༠༡༢   འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཀེ་བ་བཙོང་ནི་གི་ དུས་ཚོད་མཇུག་ཚུན་ སྒུག་སྡོད་ནི་མི་འོང་ཟེར་ཨིན་པས།

༉ ད་རེས་ནངས་པ་ ཕུན་ཚོགས་གླིང་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བའི་གོང་ཚད་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ དུས་ཅིའི་ འབྲུག་གི་སོ་ནམ་ཞིང་པ་ཚུ་གི་དོན་ལུ་ གནས་ཚུལ་ ལེགས་ཤོམ་ཅིག་ཨིན་མས།
ཕུན་ཚོགས་གླིང་ལུ་ ཀེ་བ་ཚུ་ རིན་བསྡུར་ཐོག་ལས་ བཙོང་བའི་བསྒང་།


དེ་ཡང་ ཀེ་བ་ཚུ་ སྤྱི་ཟླ་༦ པའི་ནང་ རིན་བསྡུར་ཐོག་བཙོང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ སྤྱིར་སྙོམས་ལུ་ ཀེ་བའི་གོང་ཚད་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༢.༩ གི་རྩིས་ གནས་ཡོདཔ་ད་ ན་ཧིང་གི་ལོ་ནང་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༩.༦༧ ལས་བརྒལ་ མ་ཐོབ་པས།
དུས་ཅི་ གོང་ཚད་ལེགས་ཤོམ་ཐོབ་མི་དེ་ཡང་ རྒྱ་གར་ལུ་ ཀེ་བའི་ཐོན་ཤུགས་ ལེགས་ཤོམ་མེད་ནི་དེ་གིས་ཨི་ནཔས་ཟེར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ན་ཧིང་ རྒྱ་གར་གྱི་ མངའ་སྡེ་མང་རབས་ཅིག་ནང་ ཐོན་ཤུགས་ལེགས་ནི་དེ་གིས་ འབྲུག་གི་སོ་ནམ་ཞིང་པ་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༡ ལས་ སྤྱི་ཟླ་༧ པའི་ཚེས་༣༠ གི་བར་ན་ ཀེ་བ་མེ་ཊིག་ཊཱན་༡,༨༣༥ དེ་ཅིག་ བཙོང་མི་ལས་ དངུལ་ཀྲམ་ས་ཡ་༡༩.༧༣ མ་གཏོགས་ ཐོབ་མ་ཚུགས་རུང་ དུས་ཅི་དུས་ཚོད་ཅོག་འཐདཔ་ནང་ ཀེ་བ་མེ་ཊིག་ཊཱན་༢,༡༠༣ བཙོང་ཡོདཔ་མ་ཚད་ རིན་གོང་ཡང་ དངུལ་ཀྲམ་ས་ཡ་༢༩.༢༣ ཐོབ་ཡོདཔ་ཨིན་པས།
དེ་ལས་ ན་ཧིང་ སྤྱི་ཟླ་༦ པ་ལས་ སྤྱི་ཟླ་༡༢ པའི་ཚེས་༣༠ ཚུན་ རྒེད་འོག་༨ ལས་འབག་འོང་མི་ ཀེ་བ་མེ་ཊིག་ཊཱན་༡༥.༣༥༦ བཙོང་མི་ལས་ དངུལ་ཀྲམ་ས་ཡ་༡༨༠.༣༥ ཐོབ་ནུག།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འཛིན་སྐྱོང་པ་གོངམ་ ལྷ་ལྔ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ འཕྲལ་འཕྲལ་ར་ ཀེ་བ་དམརཔོ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༧ དང་༡༩ གི་བར་ན་དང་ ཀེ་བ་དཀརཔོ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ དང་༡༦ གི་བར་ན་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
ཀེ་བ་ཚུ་ སྤ་རོ་དང་ ཆུ་ཁ་ བུམ་ཐང་ ཧཱ་ དབང་འདུས་ཕོ་བྲང་ ཐིམ་ཕུ་ མགར་ས་ ཀྲོང་གསར་ཚུ་ལས་ ཕུན་ཚོགས་གླིང་ལུ་ འབག་འོང་དོ་ཡོད་མི་ལས་ རྒྱ་གར་གྱི་ ཚོང་པ་ཚུ་གིས་ སྐྱབས་ཆ་དང་ རྒྱ་བར་ན་ལས་ཐོན་མི་ ཀེ་བ་ཚུ་ལུ་ གདམ་ཁ་མངམ་ རྐྱབ་མི་དེ་ཡང་ སོན་གྱི་དོན་ལུ་ ལེགས་ཤོམ་ཡོད་ནི་དེ་གིས་ཨིནམ་ད་ བུམ་ཐང་དང་ ཕོབ་སྦྱིས་ཁ་ལས་ཐོན་མི་ ཀེ་བ་ཚུ་ བཟའ་སྤྱོད་ཀྱི་དོན་ལུ་ ལེགས་ཤོམ་ཡོདཔ་སྦེ་ བརྩི་འཇོག་འབདཝ་མས་ཟེར་ འཛིན་སྐྱོང་པ་གོངམ་གིས་ སླབ་ཨིན་པས།
འབྲུག་གི་ ཀེ་བ་ཚུ་ རྒྱ་གར་གྱི་ས་གནས་ ཇའི་སྒང་དང་ ཕ་ལ་ཀ་ཊ་ ཇཱལ་པའི་གུ་རི་ སི་ལི་གུ་རི་ མ་ད་ཧ་རི་ཚུ་ནང་ བཙོང་དོ་ཡོདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རྒྱ་གར་གྱི་ ཚོང་པ་༡༠༠ དེ་ཅིག་ ཐོ་བཀོད་འབད་ཡོདཔ་མ་ཚད་ དུས་ཅི་ ཐོ་བཀོད་འབད་མི་གསརཔ་ དག་པ་ཅིག་ ཐོན་ཡོད་མི་ལུ་བརྟེན་ ཀེ་བ་མངམ་བཙོང་ཚུགས་ནི་ལུ་ ཕན་ཐབས་བྱུང་ཡི་ཟེར་ཨིནམ་ད་ རྒྱ་གར་གྱི་ མི་ཚུ་གིས་ ཀེ་བ་མངམ་སྦེ་ ཉོ་མི་དེ་ཡང་ ཁོང་གི་ལག་པར་ འབྲུག་གི་དངུལ་ཀྲམ་ཡོད་མི་དེ་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་པས་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ད་ལྟོ་ ཀེ་བའི་གོང་ཚད་ལེགས་ཤོམ་ཐོབ་དོ་ཡོདཔ་ཨིན་རུང་ ཀེ་བ་རྐོ་བའི་ དུས་ཚོད་ནང་ ཆརཔ་ཤུགས་སྦེ་ རྐྱབ་པའི་ཁར་ འཁོར་ལམ་བཀག་བསུབས་ཀྱི་ དཀའ་ངལ་ཚུ་ལུ་བརྟེན་ ཀེ་བ་མངམ་སྦེ་ འབག་འོང་མ་ཚུགས་ཟེར་ ཕུན་ཚོགས་གླིང་ལུ་ ཀེ་བ་བཙོང་པར་སོང་མི་ སོ་ནམ་ཞིང་པ་ཚུ་གིས་ སླབ་ཨིན་པས།
ཀེ་བ་བཙོང་ནི་གི་ དུས་ཚོད་གཙོ་བོ་ར་ སྤྱི་ཟླ་༨ པ་དང་༩ པ་ཨིནམ་ལས་ དེ་བསྒང་ ཕུན་ཚོགས་གླིང་ལུ་ ཉིནམ་རེ་ལུ་ ཀེ་བ་ཊཱག་དོས་༤༠ ལྷགཔ་རེ་ འབག་འོང་དོ་ཡོདཔ་ད་ ད་རེས་ནངས་པ་ རིན་བསྡུར་ཁང་དེ་ནང་ ཉིནམ་རེ་ལུ་ ཀེ་བ་ཊཱག་དོས་༡༥ དེ་རེ་ ལྷོད་དོ་ཡོདཔ་ཨིན་པ
ལྷ་ལྔ་རྡོ་རྗེ་གིས་འབད་བ་ཅིན་ སོ་ནམ་ཞིང་པ་མང་ཤོས་ཅིག་གིས་ར་ ཀེ་བ་ཚུ་ བཙོང་བ་འབག་མ་འོང་པར་ སྒུག་སྡོད་དེ་ བཙོང་ནི་གི་ དུས་ཚོད་མཇུག་ སྤྱི་ཟླ་༡༠ པ་དང་༡༡ པའི་ནང་བཙོངམ་ད་ རིན་གོང་ལེགས་ཤོམ་ མི་ཐོབ་པས་ཟེར་ཨིན་པའི་གནས་ཚུལ།

གནས་ཚུལ་སྐྱེལ་མི་ དབྱངས་ཅན་སི་རིག་འཛིན།

No comments:

Post a Comment