གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆརཔ་གི་བར་ཆད་ལུ་བརྟེན་ མགར་སའི་གཞུང་ལམ་བསལ་ནི་ ཡུན་འགྱངས་ལུས་ནི།

༤/༨/༢༠༡༢   ༉ ད་རེས་ནངས་པ་ ཆརཔ་རྒྱུན་ཆད་མེད་པར་རྐྱབ་མི་དེ་གིས་ སྤུ་ན་ཁ་དང་ མགར་ས་གི་བར་ནའི་ གཞུང་ལམ་ཁར་ ཟམ་དང་ སྟེགས་རྩིག་རྐྱབ་ནི་གི་ལཱ་ཚུ་ལུ་ བར་ཆད་རྐྱབ་དོ་ཡོདཔ་ལས་ ལཱ་དེ་ཚུ་ ཆར་ཆུའི་དུས་ཚོད་རྫོགས་ཞིནམ་ལས་མ་གཏོགས་ འགོ་བཙུགས་མི་ཚུགས་ནི་མས་ཟེར་ ལམ་སེལ་ལས་ཁུངས་ཀྱི་འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།


ལས་ཁུངས་ཀྱི་ གནས་སྐབས་ཡོངས་ཁྱབ་མདོ་ཆེན་ ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ མགར་ས་གྱི་སྣུམ་འཁོར་ལམ་དེ་ ལོག་ལེགས་བཅོས་འབད་ཚུགས་ནི་ལུ་ ལོ་༡ དེ་ཅིག་འགོར་ནི་མས་ཟེར་ཨིནམ་ད་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་གཏང་ནི་གི་དུས་ཚོད་ངེས་མེད་ཐོག་ཡོད་མི་དེ་ཡང་ ས་རུད་དང་ ཆུ་རུད་རྒྱུན་ཆད་མེད་པར་ ཐོན་དོ་ཡོདཔ་ལས་ ད་ལྟོ་སླབ་མི་ཤེས་པས་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ཆུ་རུད་ཐོན་མི་ལུ་བརྟེན་ ལམ་འཕྱགས་བདའ་ཡོདཔ་མ་ཚད་ མི་སེར་ཚུ་ལུ་ཡང་གནོད་སྐྱོན་བྱུང་དོ་ཡོདཔ་ལས་ མགར་ས་རྫོང་ཁག་ནང་ སྣུམ་འཁོར་འགྲོ་འགྲུལ་འབད་མ་ཚུགས་པར་ ཡུན་རིངམོ་སྦེ་ལུས་ནི་བཟུམ་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ ཆུ་རུད་ཐོན་སའི་ས་གནས་དེ་ཁར་ ས་རྐོ་འཕྲུལ་ཆས་༣ དང་ ལས་མི་༡༥ དེ་ལས་ བཟོ་རིག་འགོ་དཔོན་༣ དེ་ཅིག་གིས་ འཁོར་ལམ་ཚུ་ ལེགས་བཅོས་འབད་དོ་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ ཡོངས་ཁྱབ་བཟོ་རིག་འགོ་དཔོན་ ཇི་ཨེམ་རའི་གིས་ སླབ་མིའི་ནང་ ཆུ་རུད་ཀྱིས་མེདཔ་བཏང་མི་ ལམ་འཕྲོ་མཐུད་བསལ་ནིའི་དོན་ལུ་ ད་རུང་ འདམ་སྦྱིས་ལས་ དགེ་ཏེ་ནང་ཁ་ཐུག་ལུ་ འཁོར་ལམ་བསལ་ནི་འགོ་བཙུགས་ཡོད་རུང་ ཆརཔ་རྒྱུན་ཆད་མེད་པར་རྐྱབ་མི་ལུ་བརྟེན་ ལཱ་ལེགས་ཤོམ་སྦེ་ འབད་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
རྫོང་ཁག་གི་མི་སེར་ཚུ་གིས་ སྣུམ་འཁོར་ལམ་བདའ་སྟེ་ རྟ་ཚུ་ལག་ལེན་འཐབ་ཐོག་ལས་ འགྲོ་འགྲུལ་འབད་དོ་ཡོདཔ་ཨིན་རུང་ ཁོང་གི་ཉེན་སྲུང་དོན་ལུ་ འཕྲལ་འཕྲལ་འབད་ར་ ལཱ་འབད་ནི་མཚམས་འཇོག་འབད་དེ་ འགྲོ་འགྲུལ་འཐབ་ནིའི་གོ་སྐབས་བྱིན་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ཚུན་ ཅ་ཆས་དང་ འཕྲུལ་ཆས་གླ་ཁར་ལེན་ནི་གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ ས་ཡ་༢.༢ དེ་ཅིག་ ལག་ལེན་འཐབ་ཡོདཔ་ད་ ད་རུང་ གཏན་འཇགས་ཀྱི་ ལས་བྱེདཔ་ཚུ་དགོཔ་ཡོད་མི་དང་ ལཱ་འབད་དགོཔ་ཡོད་མི་ཚུ་གི་ དབྱེ་ཞིབ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
མགར་སའི་འཁོར་ལམ་ སླར་ལོག་བསལ་ནི་དང་ ཟམ་རྐྱབ་དགོཔ་ དེ་ལས་ གྱང་རྩིག་རྐྱབ་དགོཔ་ཡོད་མི་ཚུ་གི་དོན་ལུ་ ལས་ཁུངས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ལུ་ དངུལ་ཀྲམ་ས་ཡ་༡༠༩ དགོཔ་ཡོདཔ་སྦེ་ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ ལྷ་རྒྱས་གཞུང་ཚོགས་ཀྱིས་ གྲོས་འཆར་དེ་ལུ་ ངོས་ལེན་འབད་ནི་གི་རེ་བ་ཡོད་ཟེར ་བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment