གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱི་གསོབ་གནད་དོན་ནང་ བུཚ་༦ འཛིན་བཟུང་།

༡༤/༨/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༡༢ ཀྱི་དྲོ་པ་ ཐིམ་ཕུ་ཁྲོམ་ཁར་ བུཚ་༣ ལུ་ གྱི་གསོབ་པའི་དོགས་སྣང་ཐོག་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༡༥ ལས་༡༩ གི་བར་ན་འབད་མི་ བུཚ་༥ འཛིན་བཟུང་འབད་ཡོདཔ་ཨིན་རུང་ གཞན་མི་ཅིག་ བདའ་མ་ཟུན་པར་ ལུས་མི་དེ་ཡང་ ཁ་ཙ་ འཛིན་བཟུང་འབད་ཡོདཔ་ཨིན་པས།


རྐྱེན་ངན་དང་པ་དེ་ དེ་ཚེ་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ཁར་ སྟག་ཚང་བཟའ་ཁང་གི་ ཉེ་འདབས་ལུ་ དར་དཀར་ནང་ ལྷ་མོའི་རྫིང་ཁ་ལས་ཨིན་མི་ སྐྱེས་ལོ་༡༩ ལང་མི་ བུཚ་ཅིག་གི་ སྒལ་ཏོ་གཡས་ཁ་ཐུག་ལུ་ གྱི་གསོབ་ཡོདཔ་བཞིན་དུ་ གནད་དོན་དེ་ནང་ འབྲེལ་གཏོགས་ཡོད་མི་ ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༡༠ པའི་སློབ་ཕྲུག་ སྐྱེས་ལོ་༡༨ ལང་མི་ བུཚ་ཅིག་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དོགས་ཟོན་ཅན་གྱི་ སློབ་ཕྲུག་དེ་གིས་ ཉམས་རྒུདཔ་ཕོ་སྐྱེས་དེ་ལུ་ བརྡུང་རྫོབ་འབད་ཡོད་པའི་ རྫུན་ཁ་བཟེད་ཡི་ཟེར་ཨིནམ་མ་ད་ དེ་ནང་ འབྲེལ་གཏོགས་མི་ ཕོ་སྐྱེས་གཞན་མི་དེ་ ཁ་ཙ་ འཛིན་བཟུང་འབད་མི་དེ་ཨིན་པས།
རྐྱེན་ངན་༢ པ་དེ་ དེ་ཚེ་ དྲོ་པའི་ཆུ་ཚོད་༡ དང་ སྐར་མ་༤༠ དེ་ཅིག་ལུ་ ཨེ་བི་ཧི་བཟའ་ཁང་གི་ སྦོ་ལོགས་ཁར་བྱུང་ཡོདཔ་ད་ དེ་ནང་ སྐྱེས་ལོ་༡༨ འབད་མི་ བུཚ་ཅིག་གི་ མགུ་ཏོག་དང་ ཕྱག་ལྟག་གུ་ གྱི་གསོབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་ནང་ འབྲེལ་གཏོགས་ཡོད་མི་ ཐིམ་ཕུ་དཀར་སྦིས་ས་ ལྷ་འབྲི་སློབ་སྦྱོང་སྤེལ་ཁང་གི་ སྦྱོང་བརྡར་བ་ སྐྱེས་ལོ་༡༩ འབད་མི་ ཕོ་སྐྱེས་༡ དང་ ཐིམ་ཕུའི་ བཟའ་ཁང་ཅིག་གི་ ཐབ་ཚངཔ་ཨིན་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་དང་འཁྲིལ་ དོགས་ཟོན་ཅིག་གི་ ཁྱིམ་ནང་ལས་ ཁོང་གིས་ ལག་ལེན་འཐབ་ཡོད་པའི་ གྱི་ཅུང་༡ ཡང་ ཐོབ་ཡོདཔ་ཨིན་པས།
རྐྱེང་ངན་ཁག་༣ པ་དེ་ནང་ མི་མང་སྐྱེལ་འདྲེན་བཱསི་ཅིག་གི་ འགོ་འདྲེན་པ་དང་ དེད་གཡོག་ལས་རོགསཔ་༢ ཀྱིས་ བཱསི་གཞན་མི་ཅིག་གི་ འགོ་འདྲེན་པའི་ མགུ་ཏོག་གུ་ རྡོ་རྐྱབ་ནི་དེ་གིས་ རྨ་སྐྱོན་སྦོམ་སྦེ་ར་ བཏོན་ཡོདཔ་ད་ ད་ལྟོ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ཡོད་མི་ ཉམས་རྒུདཔ་ སྐྱེས་ལོ་༡༨ འབད་མི་དེ་གི་ མགུ་ཏོག་གུ་ རྨ་སྐྱོན་དང་ ཐོདཔ་ལུ་ འགག་གྲམ་ དེ་ལས་ རྣམ་ལྕོག་ནང་ལས་ ཁྲག་ཐོན་པའི་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།
སྐྱེས་ལོ་༡༧ ལང་མི་ བཱསི་གི་འགོ་འདྲེན་པ་དང་ སྐྱེས་ལོ་༡༥ འབད་མི་ དེད་གཡོག་ལས་རོགཔ་༢ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ད་ ཁོང་༢ ཀྱིས་ ཉམས་རྒུདཔ་དེ་ལུ་ གནོད་སྐྱོད་རྐྱབ་པའི་ཤུལ་ལུ་ དངུལ་ཁུག་ཡང་ འཕྱོག་འབག་ཐོག་ལས་ དངུལ་ཀྲམ་༥༠༠ བཏོན་ཡོདཔ་མ་ཚད་ དོགས་ཟོན་ཅན་ བཱསི་འགོ་འདྲེན་པ་དེ་གིས་ ཁྲག་རེག་མི་ ཁོ་རའི་གོ་ལ་ཚུ་ གཙང་ཆུ་ནང་ བཀོག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཱསི་འགོ་འདྲེན་པ་༢ ཚར་ཅིག་འབདཝ་ད་ ནུབ་མོའི་ སྤྲོ་སྟོན་ཁང་ཅིག་ནང་ ཕྱད་མི་ལས་འགོ་བཟུང་སྟེ་ ངལ་མ་རངས་པར་ཡོདཔ་ད་ དོགས་ཟོན་ཅན་དེ་གིས་ ཉམས་རྒུདཔ་དེ་གི་ རྟིང་ཤུལ་བདའ་སྟེ་ར་ སྡོད་ནུག་ཟེར་ཨིན་པས།
དེ་དང་འཁྲིལ་ རྐྱེན་ངན་དེ་ཡང་ ཐིམ་ཕུ་ཁྲོམ་ཁར་ཡོད་པའི་ རི་མིགསི་ ཀ་ལབ་ནང་ ཞལ་འདེབས་བཟོ་ནིའི་དོན་ལུ་ སྤྲོ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ བྱུང་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༢ ལུ་ ཁོ་གིས་ སྒྲ་དབྱངས་དང་ སྤྲོ་སྟོན་ཁང་ཚུ་གི་ འགན་ཁུར་ཚུ་ ག་ཅི་ཨིན་ནའི་སྐོར་ལས་ ཇོ་བདག་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་ འཚོགས་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ དཀའ་ངལ་ཚུ་ཐོན་པ་ཅིན་ སྤྲོ་སྟོན་ཁང་གི་ ཇོ་བདག་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དགོཔ་ཨིན་ཟེར་ཨིནམ་ད་ སྤྲོ་སྟོན་ཁང་ནང་འོང་མི་ཚུ་གིས་ མཚོན་ཆ་ཚུ་ འབག་མ་འབག་དང་ ན་ཚོད་ལང་མ་ལང་གི་ དབྱེ་ཞིབ་ཚུ་འབད་དགོཔ་ལས་ ད་རེས་ཀྱི་ཐད་ཁར་ལྷོདཔ་ད་ ཇོ་བདག་གིས་ ཁྲིམས་ལས་འགལ་སོ་ནུག་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment