གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱུན་ཀོཤ་གློག་མེ་ལས་འགུལ་གྱི་ གློག་ཤུགས་དང་ མ་དངུལ་མར་ཕབ་རྐྱབ་ཡོདཔ།

༡༤/༨/༢༠༡༢   ༉ སཱུན་ཀོཤ་གློག་མེ་ལས་འགུལ་གྱི་ གློག་ཤུགས་ཚད་གཞི་ མར་ཕབ་རྐྱབ་ཡོད་མི་གུ་ ད་རུང་ ད་རིས་འབདཝ་ད་ ཆུ་རྫིང་གི་མཐོ་ཚད་མར་ཕབ་ཐོག་ ཟད་འགྲོ་ཡང་ ཕབ་བཏང་དོ་ཡོདཔ་ཨིན་པས།


ལས་འགུལ་འཛིན་སྐྱོང་པ་ ཀརྨ་པི་གིས་ སླབ་མིའི་ནང་ དེ་གི་ཧེ་མར་ སཱུན་ཀོཤ་ལས་འགུལ་དེ་ མ་དངུལ་དུང་ཕྱུར་༢༡༠ ཐོག་ལུ་ གློག་ཤུགས་མེ་ག་ཝཱཊ་༤,༠༥༠ བཟོ་སྐྲུན་འབད་ནི་ཨིན་མི་ལས་ གློག་ཤུགས་མེ་ག་ཝཱཊ་༢,༥༦༠ ལུ་དང་ མ་དངུལ་ཡང་དུང་ཕྱུར་༡༣༣ ལུ་ མར་ཕབ་རྐྱབ་ཅི་ཟེར་ཨིན་པས།
ད་རུང་ མ་དངུལ་དུང་ཕྱུར་༡༣༣ ལས་ དངུལ་ཀྲམ་དུང་ཕྱུར་༩༧ འབདཝ་ད་ བརྒྱ་ཆ་༢༣ མར་ཕབ་འབད་ཡོདཔ་ད་ མ་གཞི་ ཆུ་རྫིང་མཐོ་ཚད་མི་ཊར་༥༠ མར་ཕབ་རྐྱབ་མི་དེ་གིས་ གློག་མེ་ཐོན་སྐྱེད་བརྒྱ་ཆ་༣ མར་འབབ་འགྱོ་ནི་ཨིན་རུང་ ཟད་འགྲོ་ཉུང་སུའི་ཐོག་ གློག་མེའི་འོང་འབབ་ལེགས་ཤོམ་བཟོ་ཚུགས་ཟེར་ ཀརྨ་པི་གིས་ བཤད་པའི་ཁར་ གློག་མེ་བཟོ་སྐྲུན་གྱི་ ལཱ་ངོ་མ་དེ་ སང་ཕོད་ལོ་ཕྱེད་དེ་ཅིག་ལས་ འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ ལས་འགུལ་མཇུག་བསྡུ་བའི་བསྒང་ལས་ སཱུན་ཀོཤ་གློག་མེ་ལས་འགུལ་གྱིས་ ལོ་རེ་ལུ་ གློག་མེ་ཡུ་ནིཊ་ས་ཡ་༦,༢༠༠ རེ་ ཐོན་སྐྱེད་འབད་འོང་ཟེར་ སླབ་ཨིན་པས།
ལས་འགུལ་གྱི་ གློག་ཤུགས་མར་ཕབ་རྐྱབ་མི་གིས་མ་ཚད་པར་ ཆུ་རྫིང་གི་ མཐོ་ཚད་ཡང་ མར་ཕབ་རྐྱབ་མི་དང་བསྟུན་ སཱུན་ཀོཤ་གློག་མེ་ལས་འགུལ་གྱི་ ལཱ་མགྱོགས་སུ་སྦེ་ འགོ་བཙུག་ནི་ལུ་ ལྷན་ཐབས་བྱུང་ཡོད་ཟེར་ བསྟན་རྒྱས་ལྷན་ཁག་ ནུས་ཤུགས་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༢,༥༦༠ འབད་མི་ སཱུན་ཀོཤ་གློག་མེ་ལས་འགུལ་གྱི་ སྔོན་འགྲོ་གཞི་རྟེན་བཟོ་སྐྲུན་གྱི་ལཱ་དང་ ཟམ་རྐྱབ་ནི་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་འོང་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སཱུན་ཀོཤ་ལས་འགུལ་གྱི་ བཟོ་སྐྲུན་ལཱ་དེ་ སྤྱི་ལོ་༢༠༡༩ ལུ་ མཇུང་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment