གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ ཤེས་རབ་བཟངམོ་གིས་ ཁ་ཏུ་ན་དང་གཅིག་ཁར་ མདའ་རྩེད་འགྲན་འབད་ནི།

༡/༨/༢༠༡༢   ༉ ལཱོན་ཌཱོན་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ རྒྱལ་སྤྱི་ཨོ་ལིམ་པིག་རྩེད་འགྲན་གྱི་ སྐོར་ཐེངས་༦༣ པའི་ནང་ ད་རིས་ འབྲུག་གི་མདའ་རྩེདཔ་ ཤེས་རབ་བཟངམོ་གིས་ ཡུ་ཨེསི་གི་མདའ་རྩེདཔ་ ཁ་ཏུ་ན་ ལོ་རིག་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པས།
རྒྱལ་སྤྱི་ཨོ་ལིམ་པིག་རྩེད་འགྲན་ནང་ བཅའ་མར་གཏོགས་མི་ ཤེས་རབ་བཟངམོ།


འགྲན་བསྡུར་དེ་ཡང་ འབྲུག་གི་གནས་ཚད་ཀྱི་ ཕྱི་རུའི་ཆུ་ཚོད་༥ དང་ སྐར་མ་༡༥ ལུ་ ལཱོཌསི་ ཀི་རི་ཀེཊ་ རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།
འགྲན་བསྡུར་དེ་ སྐུགས་༥ ལུ་ གཞི་བཞག་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ སྐོར་ཐེངས་རེ་ནང་ མདའ་རྩེདཔ་རེ་གིས་ མདའ་ཡ་༣ རེ་ རྐྱབ་ཆོག་ནི་ཨིན་པས།
སྐྱེས་ལོ་༢༨ འབད་མི་ ཤེས་རབ་བཟངམོ་གིས་ གོ་རིམ་བསྒྲིག་ནིའི་ སྐོར་ཐེངས་ནང་ སྐུགས་༥༨༩ ཐོབ་སྟེ་ ཨང་༦༡ ཐོན་ཡོདཔ་ད་ སྐྱེས་ལོ་༣༨ འབད་མི་ ཁ་ཏུ་ན་ ལོ་རིག་གིས་ སྐུགས་༦༦༩ ཐོབ་སྟེ་ ཨང་༤ པའི་ནང་ ཚུད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཛམ་གླིང་གི་ གོ་རིམ་ནང་འབད་བ་ཅིན་ ཤེས་རབ་བཟངམོ་དེ་ ཨང་༤༧༡ དང་ མོ་གི་བྱང་ཕྱད་དེ་ ཨང་༢༤ འི་ནང་ ཚུད་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༧ ལས་ འགོ་བཙུགས་མི་ རྒྱལ་སྤྱི་ཨོ་ལིམ་པིག་རྩེད་འགྲན་ནང་ འབྲུག་ལས་ བཅའ་མར་གཏོགས་མི་༢ ཡོད་མི་ལས་ གཅིག་ ཤེས་རབ་བཟངམོ་ཨིན་པས།
གཞན་མི་དེ་ ཨམ་སྲུའི་སྡེ་ཚན་གྱི་ མི་ཊར་༡༠ གྱི་ས་ཁོངས་ནང་ ཀྲོབ་མདའ་རྐྱབ་ནིའི་ནང་ བཅའ་མར་གཏོགས་མི་ ཀུན་བཟང་ཆོས་སྒྲོན་ཨིནམ་ད་ ཀུན་བཟང་དེ་ གདམ་འཐུའི་སྐོར་ཐེངས་ནང་ལས་ ཕྱིར་ཐོན་སོང་ཡོདཔ་ཨིན་པས།
འབྲུག་འདི་ རྒྱལ་སྤྱི་ཨོ་ལིམ་པིག་གི་ འཐུས་མི་འབདཝ་ལས་ བཅའ་མར་གཏོགས་མི་༢ ཆ་ར་ གདམ་འཐུའི་འགྲན་བསྡུར་མེན་པར་ བཅའ་མར་གཏོགས་ནིའི་གོ་སྐབས་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment