གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མིང་རྟགས་རྫུས་མ་བཀོད་མི་ གནས་སྐབས་སློབ་དཔོན་ཅིག་ འཛིན་བཟུང་འབད་ཡོདཔ།

༡/༨/༢༠༡༢  ༉ ཁ་ཙ་ བུམ་ཐང་ཁྲིམས་སྲུང་འགག་པ་གིས་ ཨུ་ར་འབྲིང་རིམ་སློབ་གྲྭ་བར་མའི་ གནས་སྐབས་སློབ་དཔོན་ཅིག་གིས་ མི་གཞན་གྱི་ དངུལ་འཛིན་ཅེག་གུ་ མིང་རྟགས་རྫུས་མ་བཀོད་དེ་ དངུལ་ཁང་ནང་ལས་ ཏི་རུ་བཏོན་ཡོད་པའི་ ཉེས་འཛུགས་ལུ་བརྟེན་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༢༦ ལང་མི་ གནས་སྐབས་ཀྱི་ སློབ་དཔོན་དེ་གིས་ མི་གཞན་གྱི་ དངུལ་འཛིན་ཅེག་ ལག་ལེན་འཐབ་ཐོག་ལས་ དངུལ་ཀྲམ་༨,༠༠༠ ལྷགཔ་ཅིག་ བཏོན་ནུག་ཟེར་ཨིན་པས།
དེ་ཡང་ སློབ་གྲྭའི་སློབ་དཔོན་ཅིག་གིས་ ཉེས་འཛུགས་ཅན་ལས་ དངུལ་ཀྲམ་༥,༠༠༠ བསྐྱི་འབག་མིའི་ཚབ་ ལོག་སྤྲོད་པའི་སྐབས་ དངུལ་འཛིན་ཅེག་ བྱིན་ཡོདཔ་ལས་ ཕོ་སྐྱེས་དེ་གིས་ དངུལ་འཛིན་ཅེག་ སོ་སོར་ཅིག་ནང་ མིང་རྟགས་རྫུས་མ་བཀོད་ཐོག་ལས་ དངུལ་ཀྲམ་༦,༥༠༠ བཟོ་སྟེ་ བཏོན་འབག་ནུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ སློབ་དཔོན་ཅིག་གིས་ འབྲུག་དངུལ་ཁང་གི་ འཛིན་སྐྱོང་འགོ་དཔོན་ལུ་ ངག་ཐོག་སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་ལུ་ བརྡ་ལན་འབད་ཡོདཔ་ཨིན་པས།
འཛིན་སྐྱོང་འགོ་དཔོན་གྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ བྱ་ངན་འབད་མིའི་སྐོར་ལས་ ཤེས་རྟོགས་བྱུང་སྟེ་ རྩིས་ཁྲ་ནང་ དབྱེ་ཞིབ་འབདཝ་ད་ ཉེས་འཛུགས་ཅན་དེ་གིས་ དངུལ་ཁང་ནང་ལས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ དངུལ་འཛིན་རྫུས་མ་ ཁག་༤ དེ་ཅིག་བཟོ་སྟེ་ ཏི་རུ་བཏོན་འབག་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་ ཁོ་རའི་ སློབ་གྲྭའི་ལས་བྱེདཔ་ཚུ་གི་ རྩིས་ཨང་ཚུ་ ཐོབ་པའི་ཤུལ་ལུ་ ཅེག་སྟོངམ་ཚུ་ནང་ མིང་རྟགས་རྫུས་མ་བཀོད་དེ་ ཏི་རུ་བཏོན་འབག་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་གྱིས་ མི་༤ གི་ མིང་རྟགས་རྫུས་མ་བཟོ་ཡོད་རུང་ ཏི་རུ་རྒྱ་ཆེཝ་སྦེ་ བཏོན་མ་འབག་པའི་ཁར་ ད་ལྟོ་ ཉེས་འཛུགས་ཅན་དེ་ལས་ ངག་བརྗོད་མ་ལེན་ནི་དེ་གིས་ ཁ་གསལ་སྦེ་ སླབ་མི་ཚུགས་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
བྱ་ངན་འབད་མི་ གནས་སྐབས་སློབ་དཔོན་དེ་ལུ་ མིང་རྟགས་རྫུས་བཟོ་ཐོག་ དངུལ་ཁང་ནང་ལས་ ཏི་རུ་བཏོན་འབག་པའི་ ཉེས་འཛུགས་ཕོག་ནི་ཨིན་པའི་ཁར་ ཁོ་ལུ་ གནས་ཚང་དང་ ཨ་ལུ་༡ ཡོདཔ་ཨིན་པའི་གནས་ཚུ

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment