གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡུང་རྫོབ་ཀྱི་དོགས་པ་ལུ་བརྟེན་ བུཚ་ཅིག་འཛིན་བཟུང་།

༡༨/༨/༢༠༡༢   ༉ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་ལས་ སྐྱེས་ལོ་༤༠ ལང་མི་ ཨམ་སྲུ་ཅིག་ལུ་ མོ་རའི་ཁྱིམ་ཚང་ཅིག་གིས་ བརྡུང་རྫོབ་འབད་བའི་དོགས་པ་ལུ་བརྟེན་ ཁ་ཙ་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ ས་གནས་འཕྲིན་ལས་སྒང་ལུ་ཤི་ཡོདཔ་ད་ དེ་བསྒང་ ཉམས་རྒུདཔ་དེ་ དབང་འདུས་བ་འཇོ་སྨན་ཁང་ནང་ལས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་བའི་ལམ་ཁར་ཨིན་པས།


དོགས་ཅན་ སྐྱེས་ལོ་༡༦ ལང་མི་བུཚ་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཡོད་པའི་ཁར་ ཁྲིམས་སྲུང་འགག་པའི་སྙན་ཞུ་དང་འཁྲིལ་བ་ཅིན་ རྐྱེན་ངན་དེ་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ བྱུང་ཡོདཔ་ད་ དེ་བསྒང་ ཚེ་འདས་ཀྱིས་ དོགས་ཅན་གྱི་ཁྱིམ་ནང་འོང་སྟེ་ ཁོ་དང་ ཁོ་རའི་ཕོ་རྒནམ་གི་ ཨ་ལུ་༢ ལུ་ འཐབམོ་འཚོལ་བའི་སྐབས་ ཁོང་༢ ཀྱི་བར་ན་ ཁ་ཤགས་རྐྱབ་ཅི་ཟེར་ཨིན་པས།
དེ་ལས་ འཐབ་རྫིང་འབད་ནི་འགོ་བཙུགས་པའི་སྐབས་ དོགས་ཅན་གྱིས་ ཚེ་འདས་ལུ་ རྡོག་ཐལ་དང་ མཛོག་ཕོག་ དེ་ལས་ རྟས་ཐག་གིས་བརྡུང་ཐོག་ལས་ ཁྱིམ་འོག་ལས་མར་ མི་ཊར་༥༠ དེ་ཅིག་གི་ས་ཁར་ འདྲུད་བདའ་སྟེ་བཀོག་བཞག་ཅི་་ཟེར་ཨིནམ་ད་ དེ་བསྒང་ ཚེ་འདས་དེ་ ཆང་འཐུང་ནུག་ཟེར་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ དོགས་ཅན་གྱི་ ཨ་པ་དང་ ཨའི་༢ ཆ་ར་ ནོར་འཚོ་བར་སོང་ཡོདཔ་ལས་ ཁྱིམ་ནང་ ཁོང་༣ ལས་མེདཔ་ཨིན་པས།
ཁོ་གིས་ སྙན་ཞུ་ཕུལ་མི་དང་འཁྲིལ་བ་ཅིན་ དེ་ཚེ་ཕྱི་རུ་ དེའི་ལོ་རྒྱུས་ཚུ་ ཁོ་རའི་ཨ་པ་ལུ་སླབ་སྟེ་ ཨ་པ་གིས་ ས་གནས་ཁར་ བལྟ་བར་སོང་བའི་སྐབས་ མ་མཐོངམ་ཨིན་རུང་ དེའི་ནངས་པ་ དོགས་ཅན་ཁོ་ར་སོང་བལྟཝ་ད་ ས་གནས་དེ་ཁ་ར་ཡོདཔ་མཐོང་རུང་ ཁོ་གིས་ ག་ལུ་ཡང་མ་སླབ་པར་ བཀོག་བཞག་ཡོདཔ་ཨིན་པས།
དོགས་ཅན་གྱི་ཨའི་ སྐྱེས་ལོ་༥༥ ལང་མི་ པ་སངས་རྒྱལམོ་གིས་འབད་བ་ཅིན་ ཞག་༢ སོང་རུང་ ཚེ་འདས་དེ་ ཁྱིམ་ནང་ལྷོད་ནི་མེདཔ་ལས་ ཨ་པ་གིས་ ཁྱིམ་ཚང་ཚུ་ལུ་སླབ་སྟེ་ འཚོལ་བར་སོང་བའི་སྐབས་ ས་གནས་དེ་ཁར་མཐོང་སྟེ་ དེ་འཕྲོ་ལས་ སྲས་ཕུག་སྨན་ཁང་ཆུང་བའི་ནང་ སྐྱེལ་བའི་བསྒང་ལས་ ཉམས་རྒུདཔ་དེ་ དྲན་པ་མེད་པའི་ཁར་ ཁྲག་ཡར་མར་ རྒྱུགས་མ་བཏུབ་པའི་ གནས་སྟངས་ལུ་ལྷོད་ནུག་ཟེར་ཨིན་པས།
ཉམས་རྒུདཔ་དེ་ དེ་ཚེ་ཕྱི་རུ་ར་ བ་འཇོ་སྨན་ཁང་ནང་བཏང་བའི་སྐབས་ ཁྲག་ཤུགས་ལེ་ཤ་གིས་ མར་བབས་སོང་ བའི་ཁར་ མིག་ཏོ་གཡསཔ་ལུ་བལྟ་བ་ཅིན་ གཟུགས་ཀྱི་ནང་ན་ གནོད་སྐྱོན་བྱུང་བའི་རྟགས་མཚན་བཏོན་དེས་ཟེར་ ཌོག་ཊར་ཕུན་ཚོགས་ཀྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ གཟུགས་ཀྱི་ ཕྱི་ཁ་ལས་བལྟ་བ་ཅིན་ ཡན་ལག་དང་ རྒྱབ་ཁ་ དེ་ལས་ ཨ་བུ་གུ་ལུ་ རྨ་སྐྱོན་དུམ་གྲ་རེ་ཡོདཔ་མ་གཏོགས་ གནོད་སྐྱོན་སྦོམ་མ་མཐོང་རུང་ ཤི་རྐྱེན་དེ་ བརྡུང་རྫོབ་དང་ ཡང་ཅིན་ ཆང་འགྲངས་ནི་དེ་གིས་ མགུ་ཏོ་ས་ཁར་བརྡུང་བརྡུངསམ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
ཚེ་འདས་དེ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་མི་དེ་ གཙོ་བོ་ར་ སི་ཊི་ཨིས་ཀེན་ཟེར་མི་ འཕྲུལ་ཆས་ཀྱི་ཐོག་ལས་ ཀླདཔ་གི་ཉམས་སྐྱོན་ཚུ་བརྟག་ཞིབ་འབད་ཞིནམ་ལས་ རྒྱུ་རྐྱེན་དང་ སྨན་བཅོས་འབད་ཚུགས་ནི་ཨིན་མི་ལུ་བརྟེན་བཏང་ཡོདཔ་ཨིན་པས།
ཚེ་འདས་དེ་ ཨ་ལུ་༢ ཀྱི་ཨའི་ཨིནམ་ད་ རྐྱེན་ངན་བྱུང་པའི་སྐབས་ མོ་རའི་རྨགཔ་དེ་ ལུང་ནག་ནང་ལུ་ ལཱ་འབད་བར་སོང་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment