གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པའི་བཀའ་སྲུང་དམ་ཅན་ཚུ་གི་གདན་ས་ དབང་འདུས་རྩེ་ལྷ་ཁང་།

༧/༨/༢༠༡༢ 
༉ ཐིམ་ཕུ་ལུང་གཤོང་གི་མགུ་ལུ་ སྐྱིད་ཉམས་ལྡན་པའི་ རིའི་ཆགས་རབས་མཛེས་ཏོག་ཏོ་ཅིག་ནང་བཞེངས་ཡོད་མི་ དབང་འདུས་རྩེ་ལྷ་ཁང་དེ་ནང་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་གཞིས་ཁག་དང་ ལུང་ཕྱོགས་སོ་སོའི་ ཡོངས་གྲགས་ཅན་གྱི་ ལྷ་ཁང་དང་ དགོན་སྡེ་ཚུ་ནང་ཡོད་པའི་ སྲུང་མ་ཚུ་གི་སྐུ་རྟེན་ཚུ་ བཞུགས་སུ་གསོལ་ཡོདཔ་ཨིན་པས།


ལྷ་ཁང་གི་ མགོན་ཁང་དེ་ནང་ སྨན་སྐུ་ རིང་ཚད་ཕིཊ་རེ་རེ་འབད་མི་ མགོན་པོ་དང་ ལྷམོ་གིས་གཙོས་པའི་ སྲུང་མ་ཚུའི་ སྐུ་འདྲ་༣༦ ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ཀྱི་ རྫོང་གཞིས་ཁག་༢༠ ནང་ཡོད་པའི་གནས་བདག་དང་ གཞན་མི་ ལྷ་ཁང་ དགོན་སྡེ་རྩ་ཅན་ཚུ་ནང་གི་ སྲུང་མ་ཚུ་ཨིན་པས།
རིང་ཚད་ཕིཊ་རེ་འབད་མི་ སྲུང་མའི་སྐུ་རྟེན་ཚུ་གི་གྲས་ལས་ ཐིམ་ཕུ་དགེ་བསྙེན་འཇག་པ་མེ་ལེན་དང་ བཀྲ་ཤིས་སྒང་ དགའ་རབ་དབང་ཕྱུག་ དབང་འདུས་ཕོ་བྲང་ར་བྲག་ མོང་སྒར་ རྡོ་རྗེ་འགྱུར་མེད་རྩལ་ ཧཱ་ཁྱུང་བདུད་ དར་དཀར་ནང་ཇོ་མོ་དར་དཀརམོ་  དུས་རབ་བརྒྱད་པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ དམ་ལུ་བཏགས་གནང་མི་ བུམ་ཐང་ལྕགས་མཁར་རྒྱལ་པོ་ལུ་ གནོད་པ་བཀལ་མིའི་ གནས་བདག་ཤེལ་གིང་དཀར་པོ་ཚུ་ཡོདཔ་ཨིན་པས།
མགོན་ཁང་དེ་ནང་ རྟ་མགྲིན་དང་ ཞབས་དྲུང་ འཇམ་དཔལ་གཤིན་རྗེ་ ཕྱག་ན་རྡོ་རྗེ་ རྡོ་རྗེ་ཕག་མོ་དང་ སེང་གདོང་མ་ལ་སོགས་པའི་ ཡི་དམ་གྱི་ལྷ་ཚོགས་༧ གྱི་སྐུ་འདྲ་ཚུ་ཡང་ བཞེངས་ཡོདཔ་ཨིན་པས།
དབང་འདུས་རྩེ་ལྷ་ཁང་གི་ དཀོན་གཉེར་ སྐྱེས་ལོ་༦༡ ལང་མི་ རྡོ་རྗེ་ཚེ་རིང་གིས་ ཉིནམ་ཨ་རྟག་ར་ དྲོ་པའི་ ཆུ་ཚོད་༣ དེ་ཅིག་ལས་ ལོང་ཞིནམ་ལས་ སྲུང་མ་ཚུའི་གསོལ་ཁ་ བཏང་དོ་ཡོདཔ་ད་ དེ་ཡང་ སྲུང་མ་རེ་རེ་བཞིན་དུའི་ མཚན་བརྗོད་དེ་ གསེར་སྐྱེམས་ཕུལ་བའི་ཁར་ དེ་བཟུམ་སྦེ་ ཕྱི་རུ་ཡང་ གསོལ་ཁ་ཚུ་ རྒྱུན་མ་ཆད་པར་ བཏང་དོ་ཡོདཔ་ཨིན་པས།
སྲུང་མའི་སྐུ་རྟེན་ཚུ་ཡང་ སྤྱི་ལོ་༢༠༠༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ གསེར་ཁྲི་མངའ་གསོལ་ སྔ་ཆ་ལུ་ ཁྲི་མངའ་གསོལ་ལས་འགུལ་གྱིས་ འགོ་འདྲེན་འཐབ་ཐོག་ལས་ དངུལ་རྩིས་ལྷན་ཁག་འོག་གི་ གཞུང་ཆས་ལས་ཁུངས་ཀྱི་ ཁྱད་རིག་ཅན་གྱི་ ལས་བྱེདཔ་ཚུ་གིས་སྦེ་ བཞེངས་ཡོདཔ་ཨིན་པས།
ལས་འགུལ་འགོ་འདྲེན་འཐབ་མི་ཚུའི་གྲས་ལས་ཅིག་ གཞུང་གྲྭ་ཚང་ནང་ལས་ སློབ་དཔོན་འཕྲིན་ལས་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ མི་དབང་མཆོག་གི་ ཁྲི་མངའ་གསོལ་དང་འབྲེལ་ རྒྱལ་ཁབ་དང་ མི་སེར་གྱི་ ཞི་བདེ་འབྱུང་ཐབས་ལུ་དམིགས་ཏེ་ བཞེངས་བཞེངསམ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment