གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་༢༠ ལུ་ འཆོལ་ནད་མི་ཐོབ་ནིའི་ སྨན་བཅོས་འབད་བའི་བསྒང་ཡོདཔ།

༡༥/༨/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༡༢ ལུ་ བཀྲིས་གཡང་རྩེ་ འཇམ་མཁར་ལུ་ འཆོལ་ནད་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ཡོད་པའི་ དོགས་པ་ཡོད་མི་ ཇར་སི་བ་ཅིག་གི་ རོ་དཀྲོགས་མི་ རྒེད་འོག་སྒོ་ནོར་ངོ་ཚབ་དག་པ་ཅིག་དང་ གཡུས་མི་ཚུ་རྩིསཝ་ད་ མི་གྲངས་༢༠ དེ་ཅིག་ལུ་ འཆོལ་ནད་མི་ཐོབ་ནི་གི་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།


བཀྲིས་སྒང་འཁང་མ་ལུ་ཡོད་པའི་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་གིས་ བ་དེ་གི་ ཀླདཔ་ཚུ་ དབྱེ་ཞིབ་འབད་བའི་སྐབས་ ནོར་དེ་ འཆོལ་ནད་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ཡོདཔ་བཟུམ་ཅིག་ མཐོང་ཡོདཔ་ཨིན་རུང་ གྲུབ་འབྲས་གཏན་འཁེལ་གྱི་དོན་ལུ་ དཔེ་ཚད་ཚུ་ ད་རུང་ ཐིམ་ཕུ་ གསར་སྦིས་ཐང་ལུ་ཡོད་པའི་ རྒྱལ་ཡོངས་སྒོ་ནོར་འཕྲོད་བསྟེན་ལྟེ་བའི་ནང་ གཏང་ནི་ཨིན་ཟེར་ ལྟེ་བའི་ལས་འགུལ་མདོ་ཆེན་ ཌོག་ཊར་ ཚེ་རིང་རྡོ་རྗེ་གིས་ སླབ་ཡོདཔ་ཨིན་པས།
བཀྲིས་གཡང་རྩེའི་ རྫོང་ཁག་སྒོ་ནོར་འགོ་དཔོན་ ལྟའུ་ལ་འབྲུག་པ་གིས་འབད་བ་ཅིན་ ནད་གཞི་དེ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་འཛིན་འབད་དེ་ཡོད་ཟེར་ཨིནམ་ད་ བ་གི་རོ་དེ་གུ་ སྨན་རྫས་ཚུ་ བླུགས་ཐོག་ལས་ ས་དོང་ནང་ ལེགས་ཤོམ་སྦེ་ ཨེབ་བཞག་ཅི་ཟེར་སླབ་ཡོདཔ་ཨིན་པས།
དེ་མ་ཚད་ ཉེ་འདབས་ཀྱི་ སྒོ་ནོར་སེམས་ཅན་དང་ མི་ཚུ་ལུ་ ནད་གཞི་དེ་ འབུ་མི་བཅུག་ནིའི་དོན་ལུ་ བ་གི་རོ་བཞག་མི་ གདན་ཚུ་ཡང་ མེ་བཏང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་ལས་ ནད་གཞི་ཐོབ་མི་ བ་དེ་གི་ ཨོམ་འཐུང་མི་ཚུ་རྩིས་ཏེ་ མི་གྲངས་༢༠ ལུ་ ད་ལྟོ་ སྨན་བཅོས་ཚུ་ འབད་བའི་བསྒང་ཡོདཔ་ལས་ དེ་གི་ཤུལ་ལས་ ཉིན་གྲངས་༩༠ འི་ནང་འཁོད་ལུ་ སྨན་ཁབ་ཚུ་ཡང་ བཙུགས་ནི་ཨིནམ་མ་ཚད་ ཉེ་འདབས་ཀྱི་ རོ་ཁྱི་ཚུ་ལུ་ཡང་ སྨན་བཅོས་འབད་ཡོདཔ་ཨིན་པས།
ལྟའུ་ལ་འབྲུག་པ་གིས་ བཤད་མིའི་ནང་ མ་གཞི་ ནད་གཞི་དེ་ འཇམ་མཁར་ལུ་ ཐོན་ཐོནམ་མེད་རུང་ བ་དེ་ ན་ཧིང་ འཆོལ་ནད་ཐོན་ཡོདཔ་སྦེ་ ངོས་འཛིན་འབད་མི་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལས་ ཉོ་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ ས་གནས་ནང་ ནོར་སེམས་ཅན་ཚུ་ དེ་བཟུམ་མའི་ ནད་རྟགས་བཏོན་ཐོག་ལས་ ཤི་རྐྱེན་འབྱུང་པ་ཅིན་ ཉེ་འདབས་ཀྱི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བའི་ ཡིག་ཚང་ཚུ་ནང་ སྙན་ཞུ་འབད་དགོ་པའི་ ཁ་བཀོད་བྱིན་ཡོདཔ་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment