གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༡/༨/༢༠༡༢    

 འཛམ་གླིང་རྒྱལ་སྤྱི་ན་གཞོན་གྱི་ཉིནམ།

༉ ཤེས་རིག་ལྷན་ཁག་ ན་གཞོན་དང་ རྩེད་རིགས་ལས་ཁུངས་ཀྱིས་ ནངས་པ་ ཐིམ་ཕུ་ན་གཞོན་གཡུས་གླིང་ལྟེ་བའི་ནང་ ན་གཞོན་དང་ མཉམ་འབྲེལ་ཐོག་ འཛམ་གླིང་ལེགས་བསྒྱུར་བཟོ་ནི་གི་ བརྗོད་དོན་ཐོག་ལས་ འཛམ་གླིང་རྒྱལ་སྤྱི་ན་གཞོན་གྱི་ཉིནམ་ བརྩི་སྲུང་འབད་ནི་ཨིན་པས།
ཉིནམ་བརྩི་སྲུང་སྐབས་ ན་གཞོན་སྡེ་ཚན་ཁག་སོ་སོའི་ འཐུས་མི་ཚུ་གིས་ རང་སོའི་གྲུབ་འབྲས་དང་ མི་སྡེའི་ནང་ ལྷན་ཐབས་འབད་མི་ཚུ་གི་སྐོར་ལས་ གསལ་བཏོན་འབད་ནི་ཨིན་མི་དེ་ཡང་ ཉིན་ཕྱེད་ཀྱི་ ལས་རིམ་དེ་ནང་ ན་གཞོན་ཚུ་གིས་ ཁོང་རའི་ མི་སྡེ་ཚུ་ལུ་ ལྷན་ཐབས་ག་དེ་སྦེ་ འབད་ཡོདཔ་ཨིན་ན་དང་ ཁེ་གྱོང་ཅན་གཞན་ཚུ་དང་ མཉམ་རོགས་འབད་བའི་སྐོར་ལས་ཡང་ སྤྱན་འབུལ་ཞུ་ནི་ཨིན་པའི་གནས་ཚུལ།

འབྲུག་གི་སློབ་ཕྲུག་༡༦༨ སྨན་གཡོག་སློབ་སྦྱོང་།

༉ ད་རིས་ཀྱི་ སྤྱི་ཟླ་༨ པ་དང་༩ པའི་ནང་ ལས་མི་དང་ མི་སྟོབས་ལྷན་ཁག་གིས་ འབྲུག་པའི་སློབ་ཕྲུག་༡༦༨ འབད་མི་ སྡེ་ཚན་༢ པ་ རྒྱ་གར་ལུ་ སྤྱིར་བཏང་སྨན་གཡོག་གི་ སློབ་སྦྱོང་འབད་བར་ གཏང་དོ་ཡོདཔ་ཨིན་པས།
ད་རིས་ཀྱི་ སྡེ་ཚན་དོན་ལུ་ ལྷན་ཁག་གིས་ རྩིས་ལོ་༢༠༡༢-༢༠༡༣ གྱི་ནང་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ དངུལ་ཀྲམ་ས་ཡ་༡༢༩.༥ ཟད་འགྲོ་གཏང་ནི་ཨིནམ་ད་ སློབ་ཕྲུག་༡༠༠ འབད་མི་ སྡེ་ཚན་དང་པ་དེ་ ན་ཧིང་བཏང་ཡོད་པའི་གནས་ཚུལ།

No comments:

Post a Comment