གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རླུང་གེསི་རྒྱ་རྫི་ ཚད་ལྡན་ཐོག་ བཀྲམ་སྤེལ་འབད་ནི།

༨/༩/༢༠༡༢  ཀྲོང་གསར་ལུང་ཕྱོགས་ཀྱི་དོན་ལུ་ ཟླ་རིམ་བཞིན་དུ་ མེ་རླུང་གེསི་རྒྱ་རྫི་༧,༠༤༢ དེ་རེ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

༉ བུམ་ཐང་ལུང་གཤོང་ནང་ འདས་པའི་ཟླཝ་དག་པ་ཅིག་གི་རིང་ མེ་རླུང་གེསི་རྒྱ་རྫི་ མ་ལང་པའི་དཀའ་ངལ་ཐོན་མི་དེ་ གནས་སྐབས་ཅིག་གི་རིང་ སེལ་ཐབས་ལུ་དམིགས་ཏེ་ བསྟན་རྒྱས་ལྷན་ཁག་གི་ ཀྲོང་གསར་ལུ་ཡོད་མི་ ཡིག་ཚང་གིས་ ཁ་ཙ་ལས་འགོ་བཙུགས་ མགྲོན་ཁྱིམ་དང་ བཟའ་ཁང་ དེ་ལས་ གཞན་ཚོང་འབྲེལ་འཐབ་མི་ཚུ་ལུ་ མེ་རླུང་གེསི་རྒྱ་རྫི་ ཚད་ལྡན་བྱིན་ནི་གི་ ལམ་ལུགས་ཅིག་ ལག་ལེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
སྡོད་ཁྱིམ་ཚུ་ནང་ མེ་རླུང་གེསི་རྒྱ་རྫི་ཚུ་ དབྱེ་ཞིབ་འབད་བའི་བསྒང་།


འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐབས་ཤེས་དེ་ གཙོ་བོ་ར་ གཞན་དང་ཕྱདཔ་ད་ མེ་རླུང་གེསི་རྒྱ་རྫི་ མང་སུ་སྦེ་ ལག་ལེན་འཐབ་མི་ཚུ་གི་དོན་ལུ་ གནས་སྐབས་ཅིག་གི་དོན་ལས་ མར་ཕབ་རྐྱབ་སྟེ་ བྱིན་ནི་ཨིན་རུང་ དཔེ་འབད་བ་ཅིན་ ལྟ་བཤལ་པའི་ མགྱོན་ཁྱིམ་ཚུ་ལུ་ ལྟ་བཤལ་པའི་ དུས་ཚོད་ལུ་ སྔར་ག་ཨིནམ་སྦེ་ གོ་བཀྲམ་འབད་ནི་ཨིན་ཟེར་ཨིན་པས།
ཐབས་ཤེས་དེ་གི་དོན་ལུ་ ལུང་ཕྱོགས་ཡིག་ཚང་གིས་ དྲི་ཤོག་ཕཱོམ་ ལོགས་སུ་བཟོ་སྟེ་ཡོདཔ་ལས་ མེ་རླུང་གེསི་རྒྱ་རྫི་ སྤྱོད་མི་ཚུ་གི་དོན་ལུ་ དེ་དང་འཁྲིལ་ཏེ་ མེ་རླུང་གེསི་རྒྱ་རྫི་ བྱིན་ནི་མ་གཏོགས་ ཧེ་མ་བཟུམ་སྦེ་ རང་ལུ་ མེ་རླུང་གེསི་རྒྱ་རྫི་ ག་དེམ་ཅིག་ ཡོདཔ་ཅིག་སོར་བཞག་ནིའི་ གོ་སྐབས་མི་ཐོབ་ཟེར་ཨིན་པས།
ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ གཅིག་ མི་ཚུ་གིས་ རང་སོའི་ཁྱིམ་ནང་ཡོད་མི་ མེ་རླུང་གེསི་རྒྱ་རྫི་ཚུ་ རྫོགསཔ་ཅིག་སོར་ནི་མེན་པར་ རྒྱ་རྫི་ག་ར་ རྫོགསཔ་ད་རྐྱངམ་གཅིག་ སྟབས་གཅིག་ཁར་སོར་མི་ལུ་བརྟེན་ཏེ་ཨིནམ་ད་ བཀྲམ་སྤེལ་འབད་བའི་སྐབས་ལུ་ དཀའ་ངལ་སྦོམ་སྦེ་ར་ ཐོནམ་མས་ཟེར་ཨིན་པས།
དཀའ་ངལ་སེལ་ཐབས་ལུ་ ལུང་ཕྱོགས་ཡིག་ཚང་གིས་ དགེ་ལེགས་ཕུག་ལུ་ཡོད་མི་ བཀྲམ་སྤེལ་ལྟེ་བ་ནང་ལས་ མེ་རླུང་ཐེབས་ བཀྲམ་སྤེལ་འབད་དགོ་པའི་ སྙན་ཞུ་འབད་ཡོད་རུང་ དམིགས་བསལ་དུ་ གཞི་གསརཔ་བཙུགས་མི་ཚུ་གི་དོན་ལུ་མ་གཏོགས་ མེ་རླུང་གེསི་རྒྱ་རྫི་ ཐེབས་མི་བྱིན་ཟེར་ཨིན་པས།
ད་ལྟོའི་ ཐབས་ཤེས་དེ་ ལྷན་ཁག་གིས་ ཚོང་འབྲེལ་གྱི་དོན་ལུ་ མེ་རླུང་གེསི་རྒྱ་རྫི་ ལོགས་སུ་སྦེ་ བཀྲམ་སྤེལ་མ་འབད་ཚུན་ ལག་ལེན་འཐབ་ནི་ཨིནམ་ད་ དེ་གི་ཤུལ་ལས་ ད་ལྟོ་ བཀྲམ་སྤེལ་འབད་མི་ གེསི་རྒྱ་རྫི་ཚུ་ ཚོང་འབྲེལ་འཐབ་མི་ཚུ་ལུ་ མི་བྱིན་ནི་ཨིན་པས།
ཀྲོང་གསར་ལུང་ཕྱོགས་ཀྱི་དོན་ལུ་ ཟླ་རིམ་བཞིན་དུ་ མེ་རླུང་གེསི་རྒྱ་རྫི་ མེ་ཊིག་ཊཱོན་༡༠༠ རེ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ མེ་ཊིག་ཊཱོན་རེ་ལུ་ གེསི་རྒྱ་རྫི་༧,༠༤༢ དེ་ཅིག་ ཡོདཔ་ཨིན་པས།
ད་ལྟོ་བཟོ་མི་ དྲི་ཤོག་ཕོམ་དེ་ འཕྲལ་མགྱོགས་ར་ ལག་ལེན་འཐབ་ནི་ཨིནམ་ད་ མི་ཚུ་གིས་ གེསི་རྒྱ་རྫི་ ཐེབས་མི་ལེན་ནི་གི་དོན་ལུ་ དྲི་ཤོག་གི་འདྲ་རེ་ མི་ངོམ་དང་ བཀྲམ་སྤེལ་འབད་མི་ལུ་ བྱིན་ཞིནམ་ལས་ བཀྲམ་སྤེལ་འབད་བའི་སྐབས་ དབྱེ་ཞིབ་འབད་ནི་ཨིན་ཟེར་བའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment