གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟ་བཤལ་པའི་ཁྲལ་ཌོ་ལར་༡༠ དང་ ༥ ལུ་མར་ཕབ་རྐྱབ་ནི།

༨/༩/༢༠༡༢   ༉ འབྲུག་ལྟ་བཤལ་ཚོགས་སྡེ་གིས་  འབྲུག་ལྟ་བཤལ་ལས་སྡེ་ཚུ་ལུ་ ཁྲལ་ཡར་སེང་འབད་ནིའི་དོན་ལུ་ གྲོས་འཆར་བཙུགས་མི་ལུ་  ཉོགས་བཤད་བཀོད་མི་ཐོན་མི་ལུ་བརྟེན་ གནད་དོན་འདི་ལུ་ གྲོས་ཐག་བཅད་མ་ཚུགསཔ་ཨིན་པས།


འབྲུག་ལྟ་བཤལ་ཚོགས་པའི་ འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཁྲལ་ཡར་སེང་གི་སྐོར་ལས་ ཚོགས་པའི་འཐུས་མི་ཚུ་ལས་ བསམ་འཆར་ལེན་དགོཔ་ཨིན་རུང་ འབྲུག་ལྟ་བཤལ་ཚོགས་སྡེའི་དྲུང་ཆེན་ཡིག་ཚང་གིས་ ཁྲལ་ཡར་སེང་འབད་ནི་སྦེ་ གྲོས་ཐག་བཅད་ནུག་ཟེར་ཨིན་པས།
བརྡ་བརྒྱུད་ངོ་ཚབ་ཅིག་གིས་ འབད་བ་ཅིན་ རྒྱལ་ཁབ་ནང་ ལྟ་བཤལ་ལས་ཁང་༤༠༠ ཡོད་མི་འཐུས་མི་ཚུ་ལས་ གནད་དོན་དེ་གི་སྐོར་ གྲོས་འཆམ་འབྱུང་ཚུགས་པ་ཅིན་ རྐྱངམ་གཅིག་ འབྲུག་ལྟ་བཤལ་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་ནང་ལས་ གསལ་བཤད་འབད་ཚུགས་ཟེར་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་དེ་ ཞི་གཡོག་ལྷན་ཚོགས་ལས་ འབྲེལ་མཐུན་འབད་མ་དགོ་པར་ བདག་དབང་ཐོབ་སྟེ་ ཟླ་ངོ་གཅིག་ལྷགཔ་ཅིག་སོང་བའི་ཤུལ་ལུ་ ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལཔ་འོང་ནིའི་དུས་ཚོད་དང་ དུས་ཚོད་མིན་པའི་སྐབས་ལུ་ ཁྲལ་ཡུ་ཨེསི་ཌོ་ལར་༡༥ དང་༡༠ རེ་སྦེ་ བཀོད་ཡོདཔ་ཨིན་པས།
ཨིན་རུང་ ལྟ་བཤལ་ལས་སྡེ་ལས་ ཇོ་བདག་ཚུ་གིས་ ངོས་ལེན་འབད་མ་བཏུབ་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཟླ་ངོ་༡ གི་ཧེ་མར་ གྲོས་ཚོགས་ཞལ་འཛོམས་འཚོགས་ཏེ་ ཡུ་ཨེསི་ཌོ་ལར་༡༠ དང་༥ ལུ་ ཁྲལ་མར་ཕབ་འབད་དེ་ བཀོད་ཡོདཔ་ཨིན་པས།
ལྟ་བཤལ་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་གིས་ ཁྲལ་ཡུ་ཨེསི་ཌོ་ལར་༦༥ ཡོད་མི་དེ་ ཡུ་ཨེསི་ཌོ་ལར་༨༠ དང་ ཡུ་ཨེསི་ཌོ་ལར་༥༥ འབད་མི་དེ་༦༥ ལུ་ ཡར་སེང་འབད་དགོ་པའི་གྲོས་འཆར་བཙུགས་ཡོདཔ་ཨིན་པས།
གཞུང་གི་སྲིད་བྱུས་དང་འཁྲིལཝ་ད་ ལྟ་བཤལཔ་ཚུ་ལས་ ཉིན་བསྟར་འཐུས་ ཡུ་ཨེསི་ཌོ་ལར་༢༠༠ ལས་༢༥༠ ཚུན་ ལེན་དོ་ཡོདཔ་ཨིན་པས།
འབྲུག་ལུ་འོང་མི་ ལྟ་བཤལཔ་ ཚུ་ཡང་ ལས་ཁང་ཚུ་ནང་ ཤོ་མཚུངས་སྦེ་མེད་མི་དེ་ཡང་ ལ་ལུ་ཅིག་གིས་ ལྟ་བཤལཔ་ལེ་ཤ་འོང་དོ་ཡོདཔ་ད་ ལ་ལུ་ཅིག་ནང་ ཚད་ཅིག་ལས་བརྒལ་ འོང་ནི་མེདཔ་ལས་ འདྲ་མཉམ་མེད་ཟེར་ ཨིན་པས།
ལྟ་བཤལ་ལས་ཁང་སྦོམ་ཚུ་གིས་ ལྟ་བཤལཔ་ལེ་ཤ་སྦེ་ འཐོབ་ཚུགས་ནི་དེ་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ཁར་ ཁེ་སང་ཡང་ བཟོ་ཚུགས་ནི་ཨིན་རུང་ ལྟ་བཤལ་ལས་ཁང་ཆུང་ཀུ་ཚུ་ལུ་ ལྟ་བཤལཔ་འཐོབ་མ་ཚུགས་པའི་ཚ་གྱང་ཡོདཔ་ལས་ ཁྲལ་སྤྲོད་མི་ཚུགས་ནིའི་ཉེན་ཁ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ལྟ་བཤལ་ལས་ཁང་ཆུང་ཀུ་ཚུ་ ཡུན་བརྟན་གནས་ཐབས་ཀྱི་དོན་ལུ་ ཁྲལ་ཚུ་སྔར་ག་ཨིནམ་སྦེ་བཞག་དགོ་པའི་སྐོར་ལས་ ཞལ་འཛོམས་ནང་ གྲོས་བསྡུར་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment