གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢,༦༢༣ གྱིས་ ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ།

༤/༨/༢༠༡༢   ༉ དུས་ཅི་ འབྲུག་གི་ ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་༢,༦༢༣ གྱིས་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་ཡོད་མི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་པས། 


སྤྱི་ལོ་༢༠༡༠ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡,༣༠༤ དང་ སྤྱི་ལོ་༢༠༡༡ ལུ་༡,༨༥༦ གིས་མ་གཏོགས་ ཐོ་བཀོད་མ་འབད་མི་དང་ཕྱད་པ་ཅིན་ དུས་ཅི་ ཐོ་བཀོད་དེ་ བརྒྱ་ཆ་༤༡ གིས་ ཡར་སེང་སོང་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཡོངས་འབྲེལ་ཐོག་ལུ་ གསལ་བཀོད་འབད་མི་ གནས་ཚུལ་གསར་སྟོན་དང་འཁྲིལཝ་ད་ འབྲུག་ཞི་གཡོག་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་བྱུང་མི་ཚུ་གི་དོན་ལུ་ གཡོག་གི་ས་སྟོང་༥༩༧ ཡོད་མི་དེ་ཡང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ བརྒྱ་ཆ་༣༢ དང་ གྱངས་ཁ་ལས་འབད་བ་ཅིན་༤༥༡ ཡར་སེང་སོང་ཡོདཔ་ཨིན་པས།
དེ་བཟུམ་མའི་ གཡོག་གི་ས་སྟོང་ ཡར་སེང་འབད་མི་དེ་ཡང་ སློབ་གྲྭའི་སློབ་དཔོན་དང་ འཕྲུལ་རིག་ དེ་ལས་ ཁྱད་རིག་ཅན་ཚུ་གི་དོན་ལུ་ ས་སྟོང་ཡར་སེང་སོང་མི་ལུ་ བརྟེན་ཏེ་ཨིན་པས།
ཞི་གཡོག་གི་དོན་ལུ་ སྔོན་འགྲོའི་ཆོས་རྒྱུགས་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ སློབ་ཕྲུག་ཚུ་གི་ གནས་ཚད་ཚུ་ དབྱེ་ཞིབ་ཐོག་ལས་ ཆོས་རྒྱུགས་ངོ་མའི་ནང་ གདམ་འཐུ་འབད་ནིའི་དོན་ལུ་ཨིན་པས།
སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་བྱུང་མིའི་ གྱངས་ཁ་དང་ ཡིག་ཆས་ཚུ་ དབྱེ་ཞིབ་འབད་ཐོག་ལས་ གཡོག་གི་ས་སྟོང་ཚུ་ བསྐྱར་ཞིབ་དང་ གཙོ་རིམ་བསྒྲིག་སྟེ་ བཟོ་ནི་ཨིན་ཟེར་ གནས་ཚུལ་གསར་སྟོན་ནང་ བཀོད་ཡོད་པའི་གནས་ཚུལ།

No comments:

Post a Comment