གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱིས་ རང་དབང་ཉིནམ་བརྩི་སྲུང་ཞུ་ཡོདཔ།

༡༦/༨/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལུ་ རྒྱ་གར་གྱི་ གཞུང་ཚབ་ལས་ཁང་ནང་སྦེ་ རྒྱ་གར་གྱི་རང་དབང་ཉིནམ་ ཐེངས་༦༦ པ་ བརྩི་སྲུང་ཞུ་ནིའི་དོན་ལུ་ རྒྱ་གར་གྱི་དམག་མི་ཚུ་གིས་ རུ་སྒྲིག་འགྲེམས་སྟོན་གྱི་ལས་རིམ་ཚུ་ གསལ་སྟོན་འབད་ཡི།
ཐིམ་ཕུ་ལུ་ རྒྱ་གར་གྱི་ རང་དབང་ཉིནམ་ བརྩི་སྲུང་འབད་བའི་བསྒང་།


དེ་གི་སྐབས་ལུ་ ཐིམ་ཕུའི་སློབ་གྲྭ་ཚུ་ནང་ སློབ་དཔོན་སྦེ་ ལཱ་འབད་མི་དང་ ལས་སྡེ་གཞན་ཚུ་ནང་ ལཱ་འབད་མི་ རྒྱ་གར་གྱི་མི་ཚུ་དང་ འབྲུག་གི་ ཆེ་མཐོའི་འགོ་དཔོན་ཚུ་ཚུ་གིས་གཙོས་པའི་ མི་སེར་ཚུ་གིས་ཡང་ འབྲེལ་གཏོགས་འབད་ཡི།
ལས་རིམ་དེ་གི་སྐབས་ལུ་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ པ་བཱན་ ཀེ་བར་མ་གིས་ རྒྱ་གར་གྱི་སྲིད་འཛིན་གསརཔ་ པ་ར་ནབ་ མུ་ཁར་ཇི་གིས་བསྐྱལ་བཏང་མི་ གསུང་འཕྲིན་ ལྷག་ཡོདཔ་ད་ དེ་ནང་ རྒྱལ་ཁབ་སོ་སོ་ཚུ་ནང་སྡོད་མི་ རྒྱ་གར་གྱི་མི་ཁུངས་ཚུ་ག་ར་ ཅོག་འཐདཔ་ཨིནམ་ལས་ མི་ངོ་རེ་གིས་ འགན་ཁུར་ག་བཟུམ་འབག་སྟེ་ ལཱ་འབད་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱི་ རྩ་ཁྲིམས་ཆེན་མོའི་ དགོངས་དགོན་ཚུ་དང་འཁྲིལ་ ལཱ་ཚུ་ བློ་གཏད་དང་ ཁས་བླངས་ དེ་ལས་ ཐ་དང་ དམ་ཚིག་བཏོན་ཐོག་ལས་ འབད་དགོཔ་སྦེ་ བཀོད་ནུག།
དེ་བཟུམ་སྦེ་ རྒྱ་གར་རྒྱལ་ཁབ་དེ་ རྒྱལ་ཁམས་སྦེ་སྡོད་པའི་སྐབས་ རང་དབང་དེ་ རོགས་ཀྱིས་ བྱིན་བྱིནམ་མེན་པར་ རང་གིས་ རྩ་འགེངས་ཐོག་ལས་ ཐོབ་ཡོད་མི་དེ་ སེམས་ཁར་ལས་ བརྗེད་ནི་མི་འོང་ཟེར་ བཀོད་དེ་ཡོདཔ་ད་ དེ་ཡང་ ད་རེས་ རྒྱལ་རབ་ནང་ ཡོངས་གྲགས་ཅན་ཅིག་སྦེ་ གནས་ཏེ་ཡོད་མི་ མ་ཧཱཊ་མ་ གཱན་དྷི་གིས་ ཞི་བའི་ཐབས་ལམ་ཐོག་ལས་སྦེ་ ཐོབ་ཡོདཔ་ཨིན་པས།
དེ་དང་འཁྲིལ་ མཐའ་མཇུག་གི་ རྒྱལ་ཁ་དེ་ཡང་ ཇའི་ཧིནཌི་ཟེར་བའི་ རྒྱལ་རྟགས་ཀྱི་ ཚིག་སླབ་ཐོག་ལས་ ད་རེས་ ཡོངས་གྲགས་ལུ་ ནེ་ཏ་ཇི་ཟེར་ འབོ་སྲོལ་ཡོད་མི་ སུ་བཱཤི་ ཅཱན་ད་ར་ བཱོསི་གིས་ ཐོབ་ནུག་ཟེར་ཨིན་པས།
དེ་མ་ཚད་ རྒྱ་གར་རྒྱལ་ཁབ་དེ་ ད་རེས་ གོང་འཕེལ་འགྱོ་བའི་བསྒང་ཡོདཔ་ད་ ད་ལས་ཕར་འབད་རུང་ རྒྱ་ཁབ་ཀྱི་ མ་འོངས་གནས་སྟངས་ཚུ་ལུ་ ཉེན་འཚུབས་ ག་ཅི་ཡང་ མེད་ཟེར་བྲིས་ནུག།
གསལ་བཤད་དེ་དང་འཁྲིལཝ་ད་ རྒྱ་གར་གྱི་ ཐོན་སྐྱེད་ཅན་གྱི་ ལཱ་འབད་མི་དང་ ཧེ་མ་ཚར་ཅིག་ མུ་གེ་ཐོན་རུང་ ད་རེས་ ལོ་ཐོག་ཚུ་ ཚད་ལས་བརྒལཝ་སྦེ་ ཐོན་སྐྱེད་འབད་མི་ སོ་ནམ་ཞིང་པ་ཚུ་ དེ་ལས་ གཞུང་དང་ གཞུང་མིན་གྱི་ཚོང་འབྲེལ་བ་ ཡོན་ཏན་ལུ་མཁས་མི་ཚུ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ལཱ་ཚུ་ ཤུགས་བཏོན་ཏེ་ འབད་ཡོད་མི་ལུ་ ངལ་རངས་ཡོད་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment