གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རོ་ཁྱིའི་གྱངས་ཁ་དང་ འཆོལ་ནད་ལུ་ མར་འབབ་མེདཔ།

༦/༨/༢༠༡༢   ༉ ལོ་༣ གྱི་ ཧེ་མ་ལས་འགོ་བཙུགས་ ད་རེས་ཚུན་ལུ་ རྒྱལ་ཁབ་ནང་ རོ་ཁྱི་༣༨,༥༠༠ ལྷགཔ་ཅིག་ གཤག་བཅོས་འབད་ཡོདཔ་ཨིན་རུང་ རོ་ཁྱིའི་གྱངས་ཁ་དང་ འཆོལ་ནད་ཚུ་ ད་རེས་ཀྱི་བར་ན་ཡང་ དེ་སྦེ་ར་ གནས་ཏེ་ཡོདཔ་ཨིན་པས།


སོ་ནམ་ལྷན་ཁག་ སྒོ་ནོར་ལས་ཁུངས་ལས་ རྒྱལ་ཡོངས་རོ་ཁྱི་འཛིན་སྐྱོང་དང་ འཆོལ་ནད་བཀག་འཛིན་ལས་འགུལ་ནང་ འབྲེལ་གཏོགས་འབད་མི་ སྒོ་ནོར་འཕྲོད་བསྟེན་གྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དེ་ཚུ་ ལས་འགུལ་གོ་རིམ་དང་པའི་ རྒྱལ་ཁབ་ནང་ རོ་ཁྱི་ཚུ་ལུ་ གཤག་བཅོས་དང་ སྨན་བཅོས་འབད་མི་གིས་ ཕན་ཐོགས་མ་བྱུངམ་མེན་པར་ གཤག་བཅོས་དང་སྨན་བཅོས་མ་འབད་བར་ལུས་མི་ རོ་ཁྱི་ཚུ་ལུ་བརྟེན་ཏེ་ཨིན་ཟེར་ སླབ་མས།
ལས་འགུལ་འགོ་འདྲེན་པ་ ཀུན་ལེགས་ཆོས་སྒྲོན་གྱིས་ སླབ་མི་དང་འཁྲིལཝ་ད་ རོ་ཁྱི་གི་གྱངས་ཁ་དང་ འཆོལ་ནད་མར་ཕབ་ཀྱི་ཚད་གཞི་བསྒྱུར་བཅོས་དེ་ ལོ་བཅུ་ཕྲག་༡ དེ་ཅིག་གི་རྒྱབ་ལས་ ཤེས་ཚུགས་ནི་དང་ ཡང་ན་ རྒྱལ་ཁབ་ནང་ ཡོད་པའི་ རོ་ཁྱི་ཚུ་ ག་ར་ གཤག་བཅོས་དང་ འཆོལ་ནད་བཀག་འཛིན་གྱི་ སྨན་བཅོས་འབད་ཚར་བའི་བསྒང་ལས་ ཤེས་ཚུགས་ཟེར་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱི་ གནས་སྡུད་དང་འཁྲིལཝ་ད་ ལས་འགུལ་འགོ་རིམ་དང་པའི་སྐབས་ རྒྱལ་ཁབ་ནང་ རོ་ཁྱི་༥༠,༠༠༠ ལྷགཔ་ཅིག་ཡོད་མི་ལས་ བརྒྱ་ཆ་༨༠ དེ་ཅིག་ གཤག་བཅོས་འབད་ ཚར་ཡོདཔ་ཨིན་པས།
འགོ་དཔོན་ལ་ལུ་ཅིག་གིས་ འབད་བ་ཅིན་ དཀའ་ངལ་དེ་ དེ་སྦེ་ར་ ལས་ཡོདཔ་སྦེ་མཐོང་མི་དེ་ གནད་དོན་ཅིག་ གཤག་བཅོས་དང་ འཆོལ་ནད་སྨན་བཅོས་མ་འབད་མི་ རོ་ཁྱི་ཚུ་གིས་ ལོ་རེ་ནང་ ཕྱུག་གུ་ཚར་༢ འཚའ་ནི་དེ་གིས་ ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ ས་མཚམས་ཚུ་ནང་ལས་ཡང་ རོ་ཁྱི་ཚུ་ འགྲོ་འགྲུལ་འབད་དོ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་སླབ་ཅི།
ཨིན་རུང་ སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཡོངས་རོ་ཁྱི་གཤག་བཅོས་དང་ འཆོལ་ནད་བཀག་འཛིན་ གོ་རིམ་དང་པའི་ ལས་འགུལ་ལུ་བརྟེན་ རྒྱལ་ཁབ་ནང་ མཐའ་འཁོར་གནས་སྟངས་ ཁམས་ལོག་སི་སི་བཟོ་ནི་ དེ་ལས་ ཕྱི་རུ་ སྐད་ཤུགས་སྦེ་རྐྱབ་མི་ཚུ་ མར་ཕབ་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།
ལས་འགུལ་གོ་རིམ་དང་པའི་ནང་ རོ་ཁྱི་ གཤག་བཅོས་དང་ སྨན་བཅོས་འབད་མ་ཚུགས་མི་ཚུ་ ལས་འགུལ་གོ་རིམ་༢ པའི་ནང་ འགོ་འདྲེན་འཐབ་ནི་ཨིནམ་ལས་ རོ་ཁྱིའི་གྱངས་ཁ་དང་ འཆོལ་ནད་ཚུ་ བཀག་འཛིན་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
གཤག་བཅོས་འབད་མི་རོ་ཁྱི་ཚུ་ རྣམ་ཅོ་གི་སྤྱི་བཏོགས་ཏེ་ཡོདཔ་ལས་ ལས་འགུལ་༢ པའི་ནང་ འཛོལ་བ་ཐོན་དགོཔ་མེད་ཟེར་ འགོ་དཔོན་ཚུ་གིས་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment