གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒེར་གྱི་མཐོ་རིམ་སློབ་གྲྭ་༣ གཞི་བཙུགས་འབད་ནིའི་ གྲོས་ཐག་བཅད་ཡོདཔ།

༤/༨/༢༠༡༢   རྒྱལ་ཁབ་ནང་ སྒེར་གྱི་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་འཐོན་པ་ཅིན་ གཞུང་གིས་ རྒྱབ་སྐྱོར་འབད་ནི་ཨིན་པས།

༉ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་འཚོགས་མི་ ཤེས་རིག་ལྷན་ཁག་གི་ ཆེ་རིམ་ཤེས་ཡོན་བཀོད་ཚོགས་ཀྱི་ ཞལ་འཛོམས་ཐེངས་༤ པའི་སྐབས་ རྒྱལ་ཁབ་ནང་ སྒེར་གྱི་ མཐོ་རིམ་སློབ་གྲྭ་༣ གཞི་བཙུགས་འབད་ནིའི་ གྲོས་ཐག་བཅད་ཡོདཔ་ཨིན་པས།


སྒེར་གྱི་སློབ་གྲྭ་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ གྲོས་འཆར་ཕུལ་མི་ཚུ་ མཐོ་རིམ་སློབ་གྲྭ་གཞི་བཙུགས་ཀྱི་ ཁྲིམས་ལུགས་དང་ འབྲུག་གི་ཆེ་རིམ་ཤེས་ཡོན་སྲིད་བྱུས་༢༠༡༠ ཅན་མ་དང་འཁྲིལ་ཏེ་ དབྱེ་ཞིབ་འབད་ཞིནམ་ལས་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ཨིན་རུང་ གྲོས་འཆར་བཙུགས་མི་ཚུ་གིས་ བཀོད་ཚོགས་ཀྱི་ གྲོས་སྟོན་འབད་མི་ དོན་ཚན་ཚུ་ཡང་ བཙུགས་ཐོག་ལས་ རང་སོའི་ གྲོས་འཆར་ཚུ་ བསྐྱར་ཞིབ་འབད་དེ་ གནང་བ་གི་དོན་ལུ་ བཀོད་ཚོགས་ནང་ ལོག་བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་༣ གྱི་གྲས་ལས་༡ གསར་སྤང་ལུ་དང་ གཞན་མི་༢ སྤ་རོ་ལུ་ གཞི་བཙུགས་འབད་ནི་ཨིན་པས།
དེ་གི་ཤུལ་ལས་ གྲོས་འཆར་བཙུགས་མི་ཚུ་གིས་ ཆེ་རིམ་ཤེས་ཡོན་གྱི་ སྲིད་བྱུས་ཐོག་ལས་ གཱོལཌི་ ལིཕི་ཟེར་མི་ གནང་བ་འཐོབ་ནིའི་དོན་ལུ་ གལ་ཆེ་བའི་ གོ་རིམ་ཚུ་ ཚང་ཚུགས་ནི་མས་ཟེར་ ཆེ་རིམ་ཤེས་ཡོན་གྱི་ འཆར་གཞི་ལས་ཁུངས་ཀྱི་གཙོ་འཛིན་ མའི་ན་ ཁར་ག་གིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ དེ་བཟུམ་མའི་ མཐུན་རྐྱེན་ལུ་བརྟེན་ རྒྱལ་ཁབ་ཀྱི་ ན་གཞོན་ཚུ་གིས་ རང་སོའི་ དང་འདོད་དང་འཁྲིལ་ཏེ་ ཤེས་ཡོན་ལྷབ་སྦྱང་འབད་ཞིནམ་ལས་ མི་སྡེ་གོང་འཕེལ་གཏང་ནིའི་ནང་ ལྷན་ཐབས་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ ཨ་ལུ་ཚུ་ དཔེ་ཆ་ལྷབ་པར་ ཕྱིའི་རྒྱལ་ཁབ་ཚུ་ནང་ བཏང་དགོཔ་ལས་ ཟད་འགྲོ་སྦོམ་སྦེ་ར་ གནས་དོ་ཡོདཔ་ད་ ད་ལས་ཕར་ ཨ་ལུ་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ གཏང་མི་དགོ་ནི་ཨིནམ་ལས་ ཨ་ལུའི་ ཕམ་ཚུ་ཡང་ ཚ་གྱང་ལང་དགོཔ་མི་ཐོན་ཟེར་ མའི་ན་ ཁར་ག་གིས་ སླབ་ཨིན་པས།
མོ་གིས་ སླབ་མིའི་ནང་ དམིགས་བསལ་དུ་ སྒེར་གྱི་མཐོ་རིམ་སློབ་གྲྭའི་ ཞབས་ཏོག་མེད་པའི་ ས་གནས་གཞན་ཚུ་ནང་ཡང་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་ འཐོན་པ་ཅིན་ གཞུང་གིས་ རྒྱབ་སྐྱོར་ཚུ་ ག་དེ་དྲག་དྲག་ འབད་ནི་ཨིན་ཟེར་བའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment