གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཕྱུག་བརྒྱ་འཁོར་གླིང་ཁ་ནང་ གངས་གཟིག་གི་གནས་སྟངས་ ལེགས་ཤོམ་ཡོདཔ།

༡༦/༨/༢༠༡༢  ༉ ན་ཧིང་ སྤྱི་ཟླ་༡༠ པ་ལས་ བུམ་ཐང་དབང་ཕྱུག་བརྒྱ་འཁོར་ རྒྱལ་ཡོངས་གླིང་ཁའི་ནང་ གཅན་གཟན་དང་འབྲེལ་བའི་ ཞིབ་འཚོལ་འབད་ནིའི་དོན་ལུ་ གསང་བའི་པར་ཆས་ ཀེ་མ་ར་ཚུ་ གཞི་བཙུགས་མི་ཚུ་གི་གྲས་ལས་ ས་ཆའི་མཐོ་ཚད་ མི་ཊར་༣,༨༧༥ གི་ས་ཁར་བཙུགས་མི་ ཀེ་མ་ར་༡ ནང་ གངས་གཟིག་༣ གཅིག་ཁར་ འགྲོ་འགྲུལ་འབད་བའི་པར་ཚུ་ ཐོབ་ཡོདཔ་ཨིན་པས།
གངས་གཟིག་༣ ཁཝ་ནང་ འགྲོ་འགྲུལ་འབད་བའི་པར།


གསང་བའི་པར་ཆས་དེ་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ཚར་གཅིག་དང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༠ དང་ ཚེས་༡༧ ལུ་ ཚར་རེ་འབདཝ་ད་ པར་ཐེངས་༣ བཏབ་ཡོད་མི་དེ་ ད་ཚུན་གི་རིང་ལུ་ གངས་གཟིག་༣ གཅིག་ཁར་སྦེ་ པར་བཏབ་མི་དེ་ འགོ་དང་པ་འོང་ནི་ཨིན་པས།
པར་ཆས་ཚུ་ གཞི་བཙུགས་འབད་བའི་ཤུལ་ལུ་ ཁཝ་ཤུགས་སྦེ་ རྐྱབ་མི་ལུ་རྟེན་ ལོག་བསྡུ་མ་ཚུགས་པར་ ལུས་སོཔ་ལས་ འཕྲལ་ཁམས་ཅིག་ཁར་ བསྡུ་བའི་སྐབས་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༨ ལས་ ཟླཝ་༦ པའི་ཚེས་༤ ཚུན་ཚོད་ གླིང་ཁ་དེ་གི་ ས་ཁོངས་ཁག་༢༨ དེ་ཅིག་ནང་ གངས་གཟིག་དང་འབྲེལ་བའི་ ཞིབ་འཚོལ་གྱི་ ལཱ་འབད་ནི་གི་དོན་ལུ་ གསང་བའི་པར་ཆས་༥༦ དེ་ཅིག་ བཙུགས་བཞག་མི་ཚུ་གིས་ གངས་གཟིག་གི་པར་ ལེ་ཤ་ཅིག་ར་ ཐོབ་ཡོདཔ་ལས་ གླིང་ཁ་དེ་ནང་ གངས་གཟིག་གི་གྱངས་ཁ་ཚུ་ ལེགས་ཤོམ་ཡོད་པའི་ མངོན་གསལ་བྱུངམ་མས་ཟེར་ གླིང་ཁའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་ཡང་ ས་གོ་༢༨ ཀྱི་གྲས་ལས་ གངས་གཟིག་གི་པར་ མང་ཤོས་ཅིག་ ས་གོ་༡༤ ནང་བཀལ་བཞག་མི་ པར་ཆས་ཚུ་ནང་ ཚུད་ནུག་ཟེར་ཨིན་པས།
རི་དྭགས་སྲུང་སྐྱོབ་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གསང་བའི་པར་ཆས་ཀྱིས་གངས་གཟིག་གི་པར་ ལེ་ཤ་ཅིག་ཐོབ་ཡོད་མི་ལུ་བརྟེན་ གླིང་ཁ་དེ་ནང་ གངས་གཟིག་གི་གནས་སྟངས་ ལེགས་ཤོམ་ཡོད་པའི་ གསལ་སྟོན་འབདཝ་ཨིན་རུང་ ད་རུང་ པར་ཆས་མང་སུ་སྦེ་ གཞི་བཙུགས་ཐོག་ལས་ ཞིབ་འཚོལ་ཅིག་ འབད་ཞིནམ་ལས་ པར་ཚུ་ནང་ཚུད་མི་ གཟིག་ཚུ་ ཕུད་རྡོག་གཅིག་ཨིན་ན་དང་ ཡང་ཅིན་ ལེ་ཤ་སྦེ་འདུག་ག་ དབྱེ་ཞིབ་འབད་དགོཔ་ཡོད་ཟེར་ཨིན་པས།
གླིང་ཁའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རུང་ གངས་གཟིག་གི་གནས་སྟངས་ ཞིབ་འཚོལ་གྱི་དོན་ལུ་ གསང་བའི་པར་ཆས་བཙུག་ནིའི་ ལས་རིམ་༢ པ་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ལས་ འགོ་བཙུག་ནི་དང་ དེ་ཡང་ ཤོ་ཐེངས་དང་པའི་སྐབས་ ཁྱབ་མ་ཚུགས་པའི་ ས་ཁོངས་ཚུ་ནང་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
དེ་གི་སྐབས་ གླིང་ཁའི་ནང་ གངས་གཟིག་གི་ཁྱབ་ཚད་དང་ ད་ལྟོ་ པར་བཏབ་ཡོད་པའི་ གངས་གཟིག་ཚུ་ ངོས་འཛིན་འབད་ཚུགས་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
པར་བཏབ་འཕྲུལ་ཆས་ཚུ་ནང་ གངས་གཟིག་གིས་མ་ཚད་ སེམས་ཅན་གཞན་ཡང་ ལེ་ཤ་གཅིག་གི་པར་ཚུ་ ཐོབ་ཡོདཔ་ད་ གཅན་གཟན་དེ་གིས་ བཟའ་མིའི་ རི་དྭགས་སེམས་ཅན་ཚུ་གི་ ཁྱབ་ཚད་ཚུ་ཡང་ ལེགས་ཤོམ་ཡོདཔ་ མཐོང་གསལ་བྱུང་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment