གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་འདུ་གི་ བཙག་འཐུའི་ཐོ་བཀོད་ ཟིན་བྲིས་གསལ་སྟོན།

༡༡/༤/༢༠༡༣   ༉ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ག་ར་གིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ བཅའ་མར་གཏོགས་པ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ དུས་ཅི་གི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༣༨༡,༣༩༣ དེ་ཅིག་ འོང་ནི་ཨིན་པས།


རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ བདུན་ཕྲག་༢ ཀྱི་རྒྱབ་ལས་ རྒྱལ་ཡོངས་ཚོགས་སྡེ་གི་ བཙག་འཐུ་མཇུག་བསྡུ་ནི་ཨིནམ་ལས་ རྒྱལ་ཡོངས་ཚོགས་འདུ་གི་ བཙག་འཐུའི་ཐོ་བཀོད་ཟིན་བྲིས་བཀོད་ཡོད་མི་དེ་ གསལ་སྟོན་འབད་ཡོདཔ་ཨིན་པས།
ཨིན་རུང་ ཡོངས་བསྡོམས་གྱངས་ཁ་དེ་ སྤྱི་ཟླ་༤ པའི་ཚེས་༡༨ ཚུན་ ཉོགས་བཤད་དང་ བསྒྱུར་བཅོས་འབད་ནིའི་ དུས་ཚོད་ཨིནམ་ལས་ དེ་གི་ཤུལ་ལས་ དུམ་གྲ་རེ་ བསྒྱུར་བཅོས་འོང་སྲིད་ནི་ཨིན་རུང་ ད་ལྟོའི་ གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ བསམ་རྩེ་དང་ བཀྲ་ཤིས་སྒང་བཟུམ་ནང་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཡོད་མི་ཚུ་ལུ་ བལྟ་བ་ཅིན་ དྲག་ནི་བཟུམ་ཅིག་ཡོདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༤༡,༧༥༧ དང་ བཀྲ་ཤིས་སྒང་རྫོང་ཁག་ནང་༤༡,༤༢༩ དེ་ལས་ མོང་སྒར་དང་ གསར་སྤང་རྫོང་ཁག་༢ ནང་༣༠,༣༨༥ དང་༢༦,༠༡༠ ཡོདཔ་ཨིན་པས།
ཚོགས་རྒྱན་ཕུད་རྡོག་གཅིག་གིས་ཡང་ ཁྱད་པར་བཟོ་ཚུགས་ནི་ཨིནམ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ མགར་ས་དང་ ཧཱ་ལུ་ ཚོགས་རྒྱན་བཙུགས་མི་༡,༨༤༠ དང་༦,༨༩༧ ཡོད་མི་དེ་ ཉུང་ཤོས་ཅིག་ཨིན་རུང་ བརྩི་འཇོག་འབད་དགོ་ནི་ཨིནམ་ད་ ཐིམ་ཕུ་ཁྲོམ་ཁར་ ཚོགས་རྒྱན་བཙུགས་མི་༡༢,༣༩༦ ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གི་ བཙག་འཐུ་ནང་བཟུམ་སྦེ་ ཚོགས་འདུའི་བཙག་འཐུ་ནང་ཡང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ ཨམ་སྲུའི་གྱངས་ཁ་ མང་སུ་ཡོདཔ་ད་ ཟིན་བྲིས་དང་འཁྲིལཝ་ད་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་༡༨༧,༧༨༠ དང་ ཨམ་སྲུ་༡༩༣,༦༡༣ ཡོདཔ་ཨིན་པས།
ད་རེས་ཀྱི་ ཟིན་བྲིས་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཁྱད་ཚད་མ་ལྡན་མི་ཚུ་ཡང་ ཚོགས་འདུའི་བཙག་འཐུ་ནང་ ཚུད་ནི་ཨིན་མི་དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་༢ ཀྱི་ བཙག་འཐུའི་བར་ན་ ཟླཝ་དག་པ་ཅིག་ཡོད་ནི་དེ་གིས་ སྐྱེས་ལོ་༡༨ མ་ལང་མི་ཚུ་གིས་ ཚོགས་འདུའི་བཙག་འཐུ་སྐབས་ ལོ་ཚད་ལང་ནི་ཨིན་པས།
ད་རེས་ཀྱི་ བཙག་འཐུ་ནང་ རྒྱལ་ཡོངས་ཚོགས་འདུ་གི་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་མི་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་མི་༦༣,༠༠༠ ལྷགཔ་ཅིག་ ཐེབས་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༨ ལུ་ འགོ་དང་པ་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ཚུ་གི་ ཟིན་བྲིས་ནང་ཚོགས་རྒྱན་བཙུགས་མི་༣༡༨,༤༦༥ གིས་ ཐོ་བཀོད་འབད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment