གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཅིག་ གྱི་གསོབ་སྟེ་བསད་ཡོདཔ།

༩/༤/༢༠༡༣   ༉ ཧཱ་ལས་ སྐྱེས་ལོ་༢༩ ལང་མི་ཨམ་སྲུ་ཅིག་ གྱི་གསོབ་བྱིན་མི་ལུ་བརྟེན་ སྤྱི་ཟླ་༤ པའི་ཚེས་༦ གི་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ ཕུན་ཚོགས་གླིང་སྨན་ཁང་ནང་ ཤི་སོཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དོགས་ཅན་ཚུ་ རྒྱ་གར་གྱི་མངའ་སྡེ་ ཨ་ལི་པུར་གྱི་ཁྲིམས་འདུན་དོ་དམ་འོག་ལུ་ཡོད་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ རྐྱེན་ངན་བྱུང་སྟེ་ དུས་ཡུན་ཆུ་ཚོད་༡༢ ཀྱི་ནང་འཁོད་ལུ་ ཇའི་སྒང་གི་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་ཡོདཔ་ཨིན་པས།



རྐྱེན་ངན་དེ་ཡང་ ཡོངས་གྲགས་ལུ་ ཇའི་སྒང་དང་ ཕུན་ཚོགས་གླིང་ཁྲོམ་གྱི་ ས་མཚམས་ཁར་ཡོད་མི་ ཅའི་ནིསི་ལ་ཡེན་ས་ཁོངས་ནང་ མོ་ར་སྡོད་སའི་ ཁྱིམ་གྱི་སྦོ་ལོགས་ཁར་ བྱུང་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་ཚུ་གིས་ ཚེ་འདས་ཀྱི་ཕོཝ་གུ་ གྱི་གསོབ་བྱིན་ཡོདཔ་ད་ མོ་རའི་ཆ་རོགས་ ཕོ་སྐྱེས་ཅིག་དང་མཉམ་ ལམ་འགྱོཝ་ད་ རྐྱེན་ངན་བྱུང་པའི་སྐབས་ ཕོ་སྐྱེས་དེ་ཡང་ མགུ་ཏོ་གུ་ རྨ་སྐྱོན་དུམ་གྲ་ཅིག་ བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་ མོ་གིས་ བརྒྱུད་འཕྲིན་བཏང་སྟེ་ ཕྱད་པའི་ཤུལ་ལས་ དངོས་སུ་སྦེ་ འགོ་དང་པ་ཕྱད་ཕྱདཔ་ཅིག་ ཨིན་མས་ཟེར་ཨིན་པས།
ཕོ་སྐྱེས་དེ་གིས་ ཇའི་སྒང་གི་ཁྲིམས་སྲུང་འགག་པ་ལུ་བཀོད་མི་ ངག་བརྗོད་དང་འཁྲིལཝ་ད་ ཁོང་གཉིས་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ ཕུན་ཚོགས་གླིང་ལུ་ སྒྲ་དབྱངས་ཁང་ཅིག་ནང་སོང་སྟེ་ ལོག་མོ་གི་ཁྱིམ་ནང་ འགྱོ་བའི་ལམ་ཁར་ རྐྱེན་ངན་བྱུང་ཡི་ཟེར་ཨིན་པས།
ཁོང་༢ ལུ་ ཧང་སྟོང་མར་ འབྲུག་པའི་མི་ཁུངས་མེན་མི་ ན་གཞོན་བུཚ་ སྐྱེས་ལོ་༡༨ ལས་༡༩ འི་ བར་ན་འབད་མི་ མཚོན་ཆ་ཁུ་ཁི་རི་དང་ གྱི་ཅུང་འབག་མི་ཚུ་གིས་ བར་དཀྲོགས་འབད་ཡོདཔ་ད་ བུཚ་ཚུ་གིས་ ཏི་རུ་དང་ འགྲུལ་འཕྲིན་མོ་བཱ་ཡེལ་འབག་ཤོག་སླབ་ད་ ཚེ་འདས་ཨམ་སྲུ་དེ་གིས་ བྱིན་མ་བཏུབ་པའི་ཤུལ་ལས་ ཁོང་གིས་ བྱ་ངན་འབད་ཡོདཔ་ཨིན་པས།
ཨིན་རུང་ རྐྱེན་ངན་བྱུང་སྡོད་པའི་བར་ན་ ཕོ་སྐྱེས་དེ་གིས་ བྱོག་ཐལ་ཏེ་ རྐྱེན་ངན་བྱུང་སའི་ ཉེ་འདབས་ལུ་ཡོད་མི་ འབྲུག་པའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ མ་ལྷོད་པའི་ཧེ་མར་ ཚེ་འདས་ཨམ་སྲུ་དེ་ ཉེ་འདབས་ལུ་སྡོད་མི་ འབྲུག་པའི་ཨམ་སྲུ་ཚུ་གིས་ མོ་ར་ ཐང་ནང་རྨ་སྐྱོན་བྱུང་ཡོདཔ་མཐོང་སྟེ་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
ཉམས་རྒུདཔ་༢ ཆ་ར་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་རུང་ ཨམ་སྲུ་དེ་ རྨ་སྐྱོན་སྦོམ་བྱུང་མི་ལུ་བརྟེན་ ཤི་སོཔ་ཨིནམ་ད་ མོ་གི་ཆ་རོགས་ ཕོ་སྐྱེས་དེ་གིས་ སྤྱི་ཟླ་༤ པའི་ཚེས་༧ གི་དྲོ་པ་ ཇའི་སྒང་གི་ཁྲིམས་སྲུང་འགག་པ་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ འབྲུག་པའི་ངོ་ཚབ་ལུ་ བརྟག་དཔྱད་འབད་བའི་ཤུལ་ལས་ རྩིས་སྤྲོད་འབད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment