གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུཊ་བཱོལ་རྩེད་འགྲན་གྱི་ འགོ་འདྲེན་པ་ཅིག་ལུ་ རྒུད་འཐུས་སྤྲོད་བཅུག་ཡོདཔ།

༩/༤/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༥ པ་གིས་ ཀོ་ལོ་བར་ ཨི་བེནཊི་ལས་སྡེ་ལུ་ རྒུད་འཐུས་དངུལ་ཀྲམ་༡༨,༠༠༠ སྤྲོད་དགོ་པའི་ འཁྲུན་ཆོད་བཏོན་ནུག།
དེ་ཡང་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༠ ལུ་ ཀོ་ལོ་བར་ ཨི་བེནཊི་ལས་སྡེ་གིས་ ལས་ཁུངས་ཁག་གི་བར་ན་ ཕུཊ་བཱོལ་རྩེད་འགྲན་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ མཐའ་བཅད་འགྲན་བསྡུར་ནང་ལྷོད་མི་ ཤེས་རིག་སྡེ་ཚན་དང་ གསོ་བའི་སྡེ་ཚན་༢ ལུ་ རྒྱལ་ཁའི་གསོལ་རས་ཚུ་ བྱིན་མ་བཏུབ་ཨིན་པས།



དེ་བསྒང་ གསོ་བའི་སྡེ་ཚན་གྱིས་ ཕུཊ་བཱོལ་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཡོད་པའི་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དང་ ཤེས་རིག་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོད་པའི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ ཡོདཔ་ཨིན་རུང་ ཀོ་ལོ་བར་ ཨི་བེནཊི་ལས་སྡེའི་ རྩེད་འགྲན་འགོ་འདྲེན་པ་ ཀརྨ་ཕུན་ཚོགས་ཀྱིས་ ཁོ་ལུ་ ཏི་རུའི་དཀའ་ངལ་ཐོན་ཡོད་པའི་ ཉོགས་བཤད་བཀོད་དེ་ གསོལ་རས་ཚུ་ ཚང་འགྲིག་སྦེ་བྱིན་མ་བཏུབ་ཨིན་པས།
ཨིན་རུང་ ཀརྨ་ཕུན་ཚོགས་ཀྱིས་ དངུལ་ཀྲམ་༡༠,༠༠༠ སྤྲོད་པའི་ལྷག་ལུས་ དངུལ་ཀྲམ་༧༠,༠༠༠ པོ་དེ་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ སྡེ་ཚན་གྱི་ ཡོངས་དཔོན་ཚུ་ལུ་ སྤྲོད་ནི་ཨིན་ཟེར་སླབ་སྟེ་ གན་ཡིག་ཅིག་ བཟོ་ཡོད་མི་དེ་ དུས་ཚོད་ཚང་སོ་རུང་ ཏི་རུ་བྱིན་མ་བཏུབ་ཨིན་པས།
ཀརྨ་ཕུན་ཚོགས་ཀྱིས་ རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་མི་ སྡེ་ཚན་ཚུ་ལུ་ ཆེད་དམིགས་ཐོག་ལས་ གསོལ་རས་དངུལ་ཀྲམ་༨༠,༠༠༠ བྱིན་མ་བཏུབ་མི་དེ་ བློ་གཏད་བར་རྐྱེན་ཨིནམ་མ་ཚད་ གཡོ་སྒྱུ་འཐབ་པའི་ གནད་དོན་ཨིནམ་ལས་ རྩོད་རྩ་ཚུ་ལུ་ སེམས་སྡུག་མྱོང་བཅུག་མི་ལུ་བརྟེན་ རྒུད་འཐུས་སྤྲོད་དགོཔ་སྦེ་ཨིན་པས།
ཀརྨ་ཕུན་ཚོགས་ཀྱིས་ ད་ལྟོ་ཚུན་ དེ་བཟུམ་མའི་ ཉེས་ལས་འཐབ་པའི་ཐོ་མེདཔ་མ་ཚད་ ཉེས་ལས་བསྐྱར་ཟློས་ཅན་མེནམ་ལས་བརྟེན་ ཉེས་ཁྲིམས་ཀྱི་ཚབ་སྦེ་ རྩོད་རྩ་ཚུ་གི་ གསོལ་རས་དངུལ་ཀྲམ་༨༠,༠༠༠ པོ་དེ་ དུས་ཡུན་ཟླ་ངོ་༢ ཀྱི་ནང་འཁོད་ལུ་ ཚང་འགྲིག་སྤྲོད་དགོཔ་མ་ཚད་ ཁོང་ཆ་ཁྱབ་ སེམས་སྡུག་མྱོང་བཅུག་པའི་རྒུད་འཐུས་ དངུལ་ཀྲམ་༡༨,༠༠༠ སྤྲོད་དགོཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment