གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་གྱི་ འདེམས་ངོ་ཚུ་གིས་ ཁོང་རའི་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ།

༩/༤/༢༠༡༣   ༉ ཀྲོང་གསར་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༣ ཐོན་མིའི་གྲས་ལས་ ཁོང་༢ ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ན་གཞོན་ཚུ་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་བསལ་ནིའི་དོན་ལུ་ ལཱ་ཚུ་རྩ་འགེངས་ཏེ་འབད་ནི་ཟེར་ཨིནམ་ད་ འདེམས་ངོ་གཞོན་ཤོས་དེ་གིས་ ས་གནས་གཞུང་གི་ བཅའ་ཁྲིམས་སྐྱར་ཞིབ་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།
ཀྲོང་གསར་གྱི་ འདེམས་ངོ་༣ གྱིས་ ཁོང་རའི་ ངོ་སྤྲོད་དང་འབྲེལ་ ཁས་བླངས་གསལ་བསྒྲགས་ཚུ་འབད་བའི་བསྒང་།


རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ སྐྱེས་ལོ་༥༨ ལང་མི་ ཌོག་ཊར་ རྒྱ་གར་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་ཚུ་གིས་ ཁོ་ལུ་བློ་གཏད་དེ་ ལོག་བཙག་འཐུ་འགྲུབ་པ་ཅིན་ ཁོ་གིས་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་བསལ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པའི་ཁར་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ན་གཞོན་ཚུ་ལུ་ རྒྱབ་སྐྱོང་གང་དྲག་འབད་ནི་ཟེར་ཨིན་པས།
མ་གཞི་ དེ་བཟུམ་མའི་ དཀའ་ངལ་བསལ་ནི་དེ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གི་ འགན་ཁུར་མེན་རུང་ ཚོགས་ཁང་ནང་ གྲོས་བསྡུར་འབད་ཞིནམ་ལས་ ལྷན་ཐབས་འབད་ནི་ཨིན་ཟེར་ཨིན་པས།
ནུབ་སྦིས་རྒེད་འོག་ལས་ སྐྱེས་ལོ་༤༡ ལང་མི་ བཀྲིས་བསམ་གྲུབ་ཀྱིས་འབད་བ་ཅིན་ ན་གཞོན་ཚུ་གིས་ རང་གི་གཡུས་ རྒྱབ་ཁར་བཀོག་བཞག་སྟེ་ ཁྲོམ་སྡེ་ཚུ་ནང་ གཡོག་འཚོལ་བར་འགྱོ་མི་དེ་ བཀག་ཐབས་འབད་ནིའི་དོན་ལུ་གཡུས་སྒོ་ཚུ་ནང་ སོ་ནམ་དང་སྒོ་ནོར་གྱི་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་པ་ཅིན་ གཡུས་ཁའི་ས་ཞིང་ཚུ་ མཐའ་འཁོབ་སྦེ་ མ་ལུས་པའི་ཁར་ ན་གཞོན་ཚུ་འབད་རུང་ ཁྲོམ་ཁར་འོང་ནི་ལས་ བཀག་ཆ་འབད་ཚུགས་ནི་མས་ཟེར་ སླབ་ཨིན་པས།
ག་དེམ་ཅིག་སྦེ་ ཁོ་ར་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འགྲུབ་པ་ཅིན་ གཡུས་ཁའི་ ཁྱིམ་གུང་རེ་རེ་ནང་ ལྟ་སྐོར་འབད་དེ་ གཡུས་སྒོ་ཚུ་ནང་ དཀའ་ངལ་ག་ཅི་བཟུམ་ར་ ཐོན་དོ་ཡོད་ག་ བལྟ་ནི་ཨིན་ཟེར་ཨིན་པས།
གླང་མཐིལ་རྒེད་འོག་ལས་ སྐྱེས་ལོ་༣༣ ལང་མི་ མཐར་ཕྱིན་གྱིས་འབད་བ་ཅིན་ གལ་སྲིད་བཙག་འཐུ་འགྲུབ་པ་ཅིན་ དང་པ་ར་ ས་གནས་གཞུང་གི་ བཅའ་ཁྲིམས་བསྐྱར་ཞིབ་འབད་ནི་ལུ་ དམིགས་གཏད་བསྐྱེད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་ དངུལ་ཕོགས་དེ་ ལཱ་འགན་དང་འཁྲིལཝ་ད་ ཉུང་སུ་ཅིག་ཨིནམ་ལས་ ཡར་སེང་འབད་དགོཔ་འདུག་ཟེར་ སླབ་ཨིན་པས།
དེ་མ་ཚད་ དགོངས་ཞུའི་གསོལ་རས་ཚུ་ཡང་ ཞི་གཡོགཔ་ཚུ་དང་འདྲ་མཉམ་སྦེ་ བྱིན་དགོཔ་འདུག་ཟེར་ སླབ་ཨིན་པས།
མཐར་ཕྱིན་གྱིས་ དྲི་བ་བཀོད་མིའི་ལན་ལུ་ ཌོག་ཊར་ རྒྱ་གར་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ དཔྱད་ཡིག་༣༨ ཆ་འཇོག་གྲུབ་ཚུགས་མི་ལུ་ ཁོ་ར་ ངལ་རངས་དང་ ཡིད་ཆེས་བསྐྱེད་དེ་ཡོད་ཟེར་ཨིན་པས།
མཐར་ཕྱིན་གྱིས་ ཀྲོང་གསར་ལུ་ སློབ་གྲྭའི་དབུ་འཛིན་སྦེ་ ཕྱག་ཞུ་སྡོད་པའི་སྐབས་ ས་གནས་གཞུང་གི་ ངོ་ཚབ་ཚུ་ལུ་ ག་ཅི་བཟུམ་གྱི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་ནའི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཡི་ཟེར་ སླབ་ཨིན་པས།
ཁོ་གིས་ སློབ་གྲྭ་ནང་ དབུ་འཛིན་སྦེ་ ཕྱག་ཞུ་སྡོད་པའི་རིང་ ཤེས་ཡོན་དང་འབྲེལ་བའི་ ཁྲིམས་ལུགས་བཟོ་བའི་ཉམས་མྱོང་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་དེ་ཡང་ མི་སེར་ཚུ་ལུ་ ཕན་པའི་ཁྲིམས་ལུགས་ཚུ་ བཟོ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དབུ་འཛིན་གྱི་ཉམས་མྱོང་དང་ རྒྱལ་ཡོངས་ཚོགས་སྡེའི་ ཉམས་མྱོང་དེ་ ཧ་ལམ་ ཆ་འདྲ་སུ་ཅིག་ འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment