གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༩/༤/༢༠༡༣   ཏམ་ཁུ་བཀག་འཛིན་གྱི་ བཅའ་ཁྲིམས་གསརཔ་བརྩམས་བརྩམ་མིན་པའི་དོགས་སེལ།
༉ ད་རེས་ནངས་པ་འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་གི་ནང་ན་སྤྱི་ཚོགས་ཀྱི་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་དང་གཅིག་ཁར་ དྲི་བཀོད་ཀྱི་ལས་རིམ་ནང་འབྲུག་རྒྱལ་ཡོངས་ཁྲིམས་བཟོ་ལྷན་སྡེ་གིས་ བཅའ་ཁྲིམས་ཆ་འཇོག་མཛད་མི་ཚུ་ལས་ ཏམ་ཁུ་བཀག་འཛིན་གྱི་ བཅའ་ཁྲིམས་འདི་ར་ དཔྱེ་སྦེ་དྲི་བ་བཀོདཔ་ཨིན་པས།


ངེ་གི་བསམ་འཆར་ལུ་ དྲི་བ་བཀོད་མི་ཚུ་གི་སེམས་ཁར་ ཏམ་ཁུ་བཀག་འཛིན་གྱི་ བཅའ་ཁྲིམས་འདི་ཧེ་མ་མེད་པའི་ བཅའ་ཁྲིམས་གསརཔ་ཅིག་ཨིནམ་སྦེ་ཐུགས་བཞེད་གནང་དོ་ཡོད་ལུགས་ཚོརཝ་ཨིན་པས།
ཏམ་ཁུ་བཀག་འཛིན་གྱི་ བཅའ་ཁྲིམས་འདི་ ཧེ་མ་མེད་པའི་ གསརཔ་རྩ་ལས་མེན་པས།དཔལ་ལྡན་འབྲུག་པའི་མི་མང་གི་ལྷ་སྐལ་བླམ་ཞབས་དྲུང་རིན་པོ་ཆེ་མཆོག་གི་ བཀའ་ཁྲིམས་རྙིང་ཤོས་ཅིག་ཨིན།
འདི་གི་ར་ཁུངས་ཡང་ ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ་གིས་ པར་སྐྲུན་འབད་མི་མཁན་ཆེན་ཁྲི་རབས་བཅུ་པ་ པཎ་ཆེན་བསྟན་འཛིན་ཆོས་རྒྱལ་གྱིས་མཛད་མི་ལྷོའི་ཆོས་འབྱུང་འཕྲོ་མཐུད་འཇམ་མགོན་སྨོན་མཐའི་ཕྲེང་བ་དེབ་གཟུགས་ཤོག་གྲངས་༢༦༩པར།གཞན་ཡང་བདུད་ཀྱིས་ ཡོ་ལང་བཤམས་པའི་ ཟས་ངན་ཐ་མ་ཁ་ཟེར་བ་འདི་ ད་ལྟར་སྒར་ལྟོ་གཟན་སོགས་མི་ནག་སྐྱེ་བོ་ཀུན་གྱིས་ ཉིན་མཚན་དུ་སྤྱོད་དེ་འདུག།
འདི་གིས་སྦེ་སྐུ་གསུང་ཐུགས་རྟེན་གྲིབ་ཀྱིས་ནོན་པར་མ་ཚད། སྟེང་ལྷ་ཉམས། བར་བཙན་འཁྲུགས། འོག་ཀླུ་ལུ་གནོད་ཅིང༌། རྒྱུ་དེས་འཇིག་རྟེན་ཁམས་སུ་ནད་མཚོན་མུ་གེའི་བསྐལ་པ་རྒྱུན་དུ་འབྱུང་བར། སློབ་དཔོན་ཆེན་པོ་པདྨས་ལུང་བསྟན་མང་པོ་གསུངས་འདུག་པ་ལྟར། རྫོང་མགྲོན་སྐུ་ཚབ་ལས་ཚན་གྲོས་མི་སྤྱི་དཔོན་ཚོས། ཡུལ་ཕྱོགས་གར་ཡང་ཕུང་ཟས་ཐ་མ་ཁའི་ ཉོ་ཚོང་དང་འཐུང་མི་བྱུང་ཚེ། རྩད་གཅོད་དྲག་པོར་མ་བཏང་ན་ རང་ར་སོ་སོའི་སྟེང་ཁར་འབབ་རྒྱུ་ཡིན་པར་ཐག་ཆོད་དང༌། རྒྱ་དྲུང་ཚོ་གིས་ཡང་ང་ལས་སྒོ་རང་ནས་བཀག་པ་སོགས་ དེ་ལུགས་ཀྱི་ རྩིས་བདག་འབད་མི་དེ་གལ་ཆེ། ཟེར་བཀོད་དེ་ཡོདཔ་ལས་ ཏམ་ཁུ་བཀག་འཛིན་གྱི་ བཅའ་ཁྲིམས་འདི་ འབྲུག་མཐུ་ཆེན་ཆོས་ཀྱི་ རྒྱལ་པོའི་བཀའ་ཁྲིམས་ཨིན།

འཇིག་རྟེན་པའི་དཔྱེ་གཏམ་ལས། ཆུ་ལུང་ཆུ་འཐུང༌།ཁྲིམས་ལུང་ཁྲིམས་འབག་ཟེར་ སླབ་སྲོལ་ཡོདཔ་ལས་བརྟེན་ ད་རེས་ འབྲུག་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ནང་ སྤྱི་ཚོགས་ཀྱིས་ཏམ་ཁུ་བཀག་འཛིན་གྱི་ བཅའ་ཁྲིམས་འདི་ལག་ལེན་དངོས་བསྟར་གྱི་དོན་ལུ་ མཁོ་བའི་སྒྲིག་གཞིའི་བྱ་སྒོའི་ ལམ་ལུགས་ཁ་གསལ་ཅིག་ བརྩམས་ཡོདཔ་ཨིནམ་མཁྱེན་དགོཔ་གལ་ཆེ་ཟེར་ ཞུ་ནི་ཨིན།
ཀུན་བཟང་ཕྲིན་ལས། ཐིམ་ཁྲོམ།

No comments:

Post a Comment