གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༡/༤/༢༠༡༣
སྤྱི་ཟླ་༤ པའི་ཚེས་༧ ལུ་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ ཨོ་ལ་ཁ་ལས་ བྱུང་རྐྱེན་ཁག་གཉིས་ནང་ དངུལ་ཀྲམ་༢༧༠,༠༠༠ དེ་ཅིག་གནས་པའི་ སྨྱོ་རྫས་འཆང་སྤྱོད་འབད་མི་ ཕོ་སྐྱེས་༦ འཛིན་བཟུང་འབད་ཡོདཔ་ད་ བྱུང་རྐྱེན་དང་པའི་ནང་ ཨོ་ལ་ཁ་ལུ་ ཁྱིམ་སྤོ་བཤུད་འབད་སྡོད་པའི་སྐབས་ དྲོ་པའི་ཆུ་ཚོད་༡ དེ་ཅིག་ཁར་ ཕོ་སྐྱེས་༢ འཛིན་བཟུང་འབད་བའི་ཁར་ ཉིན་མའི་ཆུ་ཚོད་༡.༣ དེ་ཅིག་ལུ་ ད་རུང་ ཨོ་ལ་ཁའི་ བཟའ་ཁང་ཅིག་ནང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཤུལ་ལས་ འཛིན་བཟུང་འབད་མི་ ཕོ་སྐྱེས་༤ གི་གྲས་ལས་ ཕུན་ཚོགས་གླིང་ལུ་ ལས་མི་ལས་སྡེ་ཅིག་ནང་ ལཱ་འབད་མི་ སྐྱེས་ལོ་༢༣ ལང་མི་དེ་ སྨྱོ་རྫས་བཀྲམ་སྤེལ་འབད་མི་དང་ གཞན་༣ དེ་ ཉོ་མི་ཨིན་པའི་གནས་ཚུལ།

No comments:

Post a Comment