གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་ཁ་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ མི་ཉུང་སུ་ཅིག་ལས་མེདཔ།



༡༡/༤/༢༠༡༣   ༉ སྐྱེས་ལོ་༣༡ ལང་མི་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ལོ་༥ དང་ཕྱདཔ་ད་ ད་རེས་ ཁོ་ལུ་ཉམས་མྱོང་ཐོབ་པའི་ཁར་ ལོ་ན་ལས་བཅད་རུང་ རྒས་ནི་དེ་གིས་ མི་སེར་ཚུ་གི་ དཀའ་ངལ་བསལ་ཚུགས་ཟེར་ སྤྱི་ཟླ་༤ པའི་ཚེས་༩ ལུ་ རྟ་ལོག་རྒེད་འོག་གི་ སྤྱིར་བཏང་གྲོས་འཛོམས་སྐབས་ལུ་ གསལ་བཤད་འབད་ཡི།
རྣམ་རྒྱལ་རྡོ་རྗེ་དང་ རིག་འཛིན་རྡོ་རྗེ།


རྣམ་རྒྱལ་རྡོ་རྗེ་གིས་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ རྟ་ལོག་རྒེད་འོག་གི་ འདེམས་ངོ་སྦེ་ བཅའ་མར་གཏོགས་པའི་སྐབས་ ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ གོང་ལུ་ ཁོ་གིས་སླབ་དོ་བཟུམ་ སླབ་ཡོདཔ་ལས་ དུས་ཅི་༢༠༡༣ ཀྱི་ བཙག་འཐུ་ནང་ ད་རུང་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་བསྒང་ ཁོ་ར་ བཙག་འཐུ་མ་གྲུབ་པའི་ བློ་འགྱོད་མེད་མི་དེ་ཡང་ ཁོ་གི་དོ་འགྲན་པ་དེ་ ཉམས་མྱོང་དང་ཤེས་ཚད་ཡོདཔ་ལས་ སྤུ་ན་རྫོང་ཁག་རྐྱངམ་གཅིག་གིས་མ་ཚད་ རྫོང་ཁག་༢༠ གི་ མི་སེར་ཚུ་གིས་ ཁོ་ལུ་ཡིད་ཆེས་ཀྱི་ཐོག་ལས་ ཚོགས་སྡེའི་ཁྲི་འཛིན་སྦེ་ གདམ་འཐུ་འབད་ཡི་ཟེར་ཨིནམ་ད་ ད་རེས་འབད་བ་ཅིན་ ཁོ་ཡང་ ཉམས་མྱོང་ཚུད་ནི་དེ་གིས་ ཕྱག་ཞུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

གལ་སྲིད་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ བདག་མེད་སྦེ་ལུས་མི་ འཆར་གཞི་ལས་སྣ་ཚུ་ གཞུང་ལུ་དྲན་བསྐུལ་འབད་དེ་ འཐོབ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིནམ་ད་ དེ་ཡང་ ཚོགས་སྡེའི་འགན་འཁྲི་དེ་ དེ་བཟུམ་གྱི་ལཱ་ལུ་ ཤུགས་བཏོན་ནི་མ་གཏོགས་ ཐད་ཀར་དུ་ གོང་འཕེལ་གྱི་ལཱ་ཚུ་ འབད་ནིའི་འོས་འབབ་མེད་ཟེར་ཨིན་པས།
རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ གྲོང་གཡུས་ལས་འོང་མི་ཅིག་ཨིནམ་ལས་ མི་སེར་ཉམ་ཆུང་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་མནོ་བསམ་བཏང་དོ་ཟེར་ཨིནམ་ད་ དེ་ཡང་ མི་ཉམ་ཚུ་ལུ་ རྒྱབ་སྐྱོར་མེད་པ་ཅིན་ ཡར་རྒྱས་འགྱོ་ཚུགས་པའི་ གོ་སྐབས་མིན་འདུག་ཟེར་ཨིན་པས།

མ་གཞི་ ཁོ་ར་ རྟ་ལོག་རྒེད་འོག་ལས་ཨིན་རུང་ གསང་བའི་ཚོགས་རྒྱན་དེ་ ཁོ་ལུ་ར་ བཙུགས་དགོ་ཟེར་ མི་སླབ་ཟེར་ཨིནམ་ད་ དེ་ཡང་ ཚོགས་རྒྱན་དེ་ བསམ་པ་སེམས་བསྐྱེད་བཟང་པོ་ཡོད་མི་དང་ གཞུང་དང་མི་སེར་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ཚུགས་མི་ལུ་བཙུགས་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རབ་ཏུ་འབྱུང་པ་ཅིན་ འདེམས་ངོ་དེ་ རང་གི་གཡུས་ཁ་ལས་ བཙག འཐུ་འབད་དགོ་ཟེར་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ ནོར་བུ་དེ་ རང་དང་གཅིག་ཁར་བཞག་པ་ཅིན་ བསམ་དོན་འགྲུབ་ཚུགས་ཟེར་ཨིན་པས།

ཁོ་གི་དོ་འགྲན་པ་ སྟོད་དབང་རྒེད་འོག་གི་འདེམས་ངོ་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ཁྲིམས་ཚུ་ དྭངས་གསལ་ཐོག་ལས་ བསྐྱར་ཞིབ་འབད་དེ་ རྒྱལ་ཁབ་དང་ མི་སེར་ཡར་དྲག་གཏང་ནི་ལུ་ ཤུགས་བཏོན་ནི་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ སླབ་མིའི་ནང་ དམངས་གཙོའི་གཞུང་གི་ཁྱད་ཆོས་ ཡར་དྲག་གཏང་དགོ་པ་ཅིན་ འདེམས་ངོ་དེ་ ལེགས་ཤོམ་ཅིག་ གདམ་འཐུ་འབད་དགོཔ་ལས་ ཁོ་ལུ་ ཚོགས་རྒྱན་བཙུགས་གནང་ཟེར་ཨིན་པས།

སྐྱེས་ལོ་༤༩ ལང་མི་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁབ་རང་བཙན་དང་ རྩ་བརྟན་བཟོ་ནིའི་དོན་ལུ་ སྔར་སྲོལ་ལམ་ལུགས་ཚུ་ བདག་འཛིན་འཐབ་ནི་ལུ་ ཤུགས་བཏོན་ནི་ཟེར་ཨིནམ་ད་ དེའི་དོན་ལུ་ རྫོང་ཁ་འདི་ མི་ག་ར་གིས་ གཅིག་མཚུམས་སྦེ་ ལག་ལེན་འཐབ་ནི་ལུ་ ཤུགས་བཏོན་ནི་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ངོ་རྟགས་ ཡར་དྲག་གཏང་ནིའི་དོན་ལུ་ གོ་དང་དཀྱི་ར་གྱོན་ནི་ལུ་ཡང་ གཙོ་བོར་བཏོན་ནི་ཟེར་ཨིན་པས།

རྟ་ལོག་རྒེད་འོག་ལས་ འོས་འབབ་ལྡན་པའི་ གསང་བའི་ཚོགས་རྒྱན་བཙུགས་མི་༡,༢༠༤ ཡོད་རུང་ སྤྱིར་བཏང་གྲོས་གནས་ནང་ མི་གྲངས་༨༠ ལྷགཔ་ཅིག་ལས་བརྒལ་མེདཔ་ད་ དེའི་ཤུལ་ལས་ མགུ་མ་རྒེད་འོག་ ལོ་མགོ་འདབ་མ་ལུ་ མི་༢༠ རྐྱངམ་གཅིག་གིས་ བཅར་མར་གཏོགས་ཅི།

དེ་བསྒང་ འདེམས་ངོ་༢ ཀྱིས་ རྟ་ལོག་རྒེད་འོག་ལུ་ གསལ་བཤད་འབད་མི་དེ་ར་ འབད་ཡོདཔ་ད་ ལོ་མགོ་འདབ་མ་རྒེད་འོག་ནང་ ཁྱད་ལྡན་གྱི་གསང་བའི་ ཚོགས་རྒྱན་བཙུགས་ཆོག་མི་༢༧༨ ཡོདཔ་ཨིན་པས།

རྟ་ལོག་རྒེད་འོག་ གང་ཁྲ་མོ་གཡུས་ཚན་ལས་ སྐྱེས་ལོ་༤༢ ལང་མི་ ལྷ་མོ་གིས་ སླབ་མིའི་ནང་ མོ་གིས་ གསང་བའི་ཚོགས་རྒྱན་དེ་ ལྕོགས་གྲུབ་ཡོད་མི་ཅིག་ལུ་ བཙུགས་ནི་ཨིན་ཟེར་ཨིན་པས།

རྟ་ལོག་དང་ མགུ་མ་རྒེད་འོག་རྩིསཝ་ད་ སྤུ་ན་ཁ་རྫོང་ཁག་ནང་ སྤྱིར་བཏང་གྲོས་འཛོམས་དེ་ རྒེད་འོག་༤ ནང་ མཇུག་བསྡུ་ཡོདཔ་ད་ ངོས་ལེན་འགོ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱིར་བཏང་གྲོས་འཛོམས་དེ་ གསང་བའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ འགོ་འདྲེན་འཐབ་མི་དེ་ མི་མངམ་གིས་ བཅའ་མར་གཏོགས་ཚུགས་པའི་ གོ་སྐབས་ལུ་ལྟ་སྟེ་ཨིན་ཟེར་ཨིནམ་ད་ རྫོང་ཁག་ནང་ སྤྱིར་བཏང་གྲོས་འཛོམས་དེ་ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment