གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོས་སྒོར་གྱི་རྩེད་འགྲན་འགོ་དང་པ་ འགོ་འདྲེན་འཐབ་དོ་ཡོདཔ།

༡༡/༤/༢༠༡༣   ༉ སྔོན་དང་ཕུ་འབད་བ་ཅིན་ རྡོས་སྒོར་དེ་ ཚེས་བཅུ་དང་ལོ་གསར་ དེ་ལས་ དགའ་སྟོན་རྟེན་འབྲེལ་ཚུ་ནང་ རྩེད་སྲོལ་ཡོད་རུང་ ཁ་ཙ་ལས་ འོད་ཟེར་ལས་སྡེ་གིས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ རྡོས་སྒོར་གྱི་ འགྲན་བསྡུར་འགོ་དང་པ་ རྩེད་འགྲན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཁ་ཙ་ རྩི་མ་གཤམ་དང་ འབྲུག་རྗེ་སྒང་སྡེ་ཚན་གྱི་བར་ན་ རྡོས་སྒོར་རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ འོད་ཟེར་ལས་སྡེ་གིས་ རྒྱལ་ཁབ་ནང་ དར་ཁྱབ་སོང་མི་ མདའ་དང་རྡོས་སྒོར་ ཁུ་རུ་ དེ་ལས་ རང་ལུགས་ཀྱི་རྩེདམོ་གཞན་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ རྡོས་སྒོར་གྱི་ རྩེད་འགྲན་དེ་ དུས་ཅི་ལས་འགོ་བཙུགས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཟེར་ འགོ་འདྲེན་འཐབ་མི་ བསོད་ནམས་ཆོས་སྐྱིད་ཀྱིས་ སླབ་ཨིན་པས།
རྡོས་སྒོར་རྩེད་འགྲན་འབད་ནིའི་དོན་ལུ་ སོ་ནམ་གྱི་ལཱ་ཚུ་ཡང་ རྒྱབ་ཁར་སྐྱུར་བཞག་སྟེ་ དར་དཀར་ནང་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་ སྤང་སེར་པོ་ལས་ ན་གཞོན་སྡེ་ཚན་ཅིག་ སྤྱི་ཟླ་༤ པའི་ཚེས་༩ གི་ཕྱི་རུ་ ཐིམ་ཕུ་ལུ་ ལྷོད་ཡོདཔ་བཟུམ་སྦེ་ ཆུ་ཁ་ རྩི་མ་གཤམ་ གློག་མེ་ཁ་ལས་ གཡུས་སྒོའི་མི་སེར་ སྡེ་ཚན་༢ བཟོ་སྟེ་ རྩེད་འགྲན་འབད་བར་འོང་ནུག།
ཁ་ཙ་ ཉིན་མའི་ཆུ་ཚོད་༢ ལས་ ༤ ཚུན་ རྩི་མ་གཤམ་དང་ འབྲུག་རྗེས་སྒང་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ རྩི་མ་གཤམ་སྡེ་ཚན་གྱིས་ སྐོར་ཐེངས་༥༠ འི་ནང་ སྐུགས་༣ ཆོད་དེ་ རྒྱལ་ཁ་ཐོབ་པའི་སྐབས་ འབྲུག་རྗེས་སྒང་གིས་ སྐུགས་༡ ཡང་ ཆོད་མ་ཚུགས།
རྩེད་འགྲན་འབད་ཐང་གི་ ལམ་ལུགས་ཚུ་ཡང་ སྡེ་ཚན་རེ་ལས་ རྩེད་འགྲན་འབད་མི་ མི་གྲངས་༥ དང་ མི་རེ་གིས་ རྡོས་སྒོར་ཆ་རེ་སྦེ་ རྩེད་འགྲན་འབད་ཡོདཔ་མ་ཚད་ སྐུགས་༧ ག་ཧེ་མ་ཐོབ་མི་གིས་ ཆོདཔ་ཨིན་པས།
འབའ་སྐྱོར་གི་རིང་ཚད་ མི་ཊར་༢༧ འབད་མིའི་ཐོག་ལས་ རྩེད་འགྲན་འབད་དགོཔ་ཨིན་པས།
ཆུ་ཁ་རྩི་མ་གཤམ་ལས་ སྐྱེས་ལོ་༥༩ ལང་མི་ ཟླ་བ་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ རྡོས་སྒོར་གྱི་རྩེདམོ་དེ་ གཡུས་སྒོ་ཚུ་ནང་ རྩེད་འགྲན་འབད་ནིའི་སྲོལ་ཡོད་རུང་ ད་རེས་བཟུམ་སྦེ་ རྩེད་འགྲན་འབད་ནི་མེདཔ་ལས་ རང་ལུགས་ཀྱི་རྩེདམོ་ཅིག་འབད་ནི་དེ་གིས་ བཅའ་མར་གཏོགས་ཡི་ཟེར་ཨིན་པས།
འབྲུག་རྗེས་སྒང་ལས་ རྩེད་འགྲན་གྱི་ དོ་དམ་སེངྒེ་རྡོ་རྗེ་གིས་འབད་བ་ཅིན་ རྡོས་སྒོར་གྱི་རྩེདམོ་དེ་ ཟད་འགྲོ་སྦོམ་གཏང་མ་དགོ་པར་ མི་སེར་ཉམ་ཆུང་ཚུ་གི་ རྩེདམོ་ཨིན་པའི་ཁར་ ན་གཞོན་ཚུ་ལུ་ དཔེ་སྟོན་བཟུམ་ཅིག་སྦེ་ དར་དཀར་ནང་ལས་ བཅའ་མར་གཏོགས་པར་འོང་ཡི་ཟེར་ཨིན་པས།
རྡོས་སྒོར་གྱི་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་སྡེ་ཚན་༩ ཡོདཔ་ད་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།




No comments:

Post a Comment