གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་ལུ་ དངུལ་ཀྲམ་ས་ཡ་༨.༧ ལྷགཔ་ཅིག་འཛིན་གྲོལ།

༨/༤/༢༠༡༣   ༉ བདུན་ཕྲག་ཧེ་མའི་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གི་དོན་ལུ་ བསྐུལ་བསྒྲགས་མ་དངུལ་ས་ཡ་༨.༧ ལྷགཔ་ཅིག་ འཛིན་གྲོལ་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིན་མི་ གདམ་ངོ་༦༧ ལུ་ བསྐུལ་བསྒྲགས་ཀྱི་ ཟད་འགྲོ་མ་དངུལ་སྦེ་ དངུལ་ཀྲམ་༡༣༠,༠༠༠ རེ་ འཛིན་གྲོལ་འབད་ཡོདཔ་ད་ འདེམས་ངོ་ཚུ་གིས་ མ་དངུལ་གྱི་ ཚད་གཞི་དེ་ལས་ལྷག་ ཟད་འགྲོ་གཏང་མ་ཆོགཔ་ཨིན་པས།



ད་རིས་ཀྱི་ བསྐུལ་བསྒྲགས་མ་དངུལ་དེ་ ཚོགས་སྡེའི་བཙག་འཐུ་དང་པའི་ནང་ ལག་ལེན་འཐབ་མི་དང་ཕྱདཔ་ད་ དངུལ་ཀྲམ་ས་ཡ་༣.༥ ལྷགཔ་ཅིག་ ཐེབས་འཛིན་གྲོལ་འབད་ཡོདཔ་ཨིན་པས།
དེ་བསྒང་ འདེམས་ངོ་༥༢ མ་གཏོགས་མེད་པའི་ཁར་ བསྐུལ་བསྒྲགས་མ་དངུལ་གྱི་ ཐོབ་ཚད་ཡང་ དངུལ་ཀྲམ་༡༠༠,༠༠༠ རེ་ཨིནམ་ལས་ དངུལ་ཀྲམ་ས་ཡ་༥.༢ དེ་ཅིག་ ཟད་འགྲོ་གནས་ནུག།
འདེམས་ངོ་ཚུ་ལུ་ འཛིན་གྲོལ་འབད་མི་ མ་དངུལ་ཚུ་ ཐད་ཀར་གྱི་ བསྐུལ་བསྒྲགས་ལས་དོན་ དཔེར་ན་ སྣུམ་འཁོར་ཀཱར་གླ་ཁར་ལེན་ནི་དང་ རང་སོའི་ཁས་བླངས་གསལ་བསྒྲགས་ཚུ་ པར་སྐྲུན་འབད་ནི་ ངོ་སྤྲོད་ཤོག་བྱང་ལ་སོགས་པའི་ ཅ་ཆས་དང་ ཞབས་ཏོག་ཚུ་ལུ་ ལག་ལེན་འཐབ་དགོཔ་ཨིན་པས།
དེ་མ་ཚད་ བཙག་འཐུ་ལྷན་ཚོགས་ཀྱིས་ འདེམས་ངོ་ཚུ་གི་ གསལ་བསྒྲགས་མཁོ་ཆས་ དཔེར་ན་ ཁོང་གི་སྐོར་ལས་ དེབ་ཆུང་དང་ པར་བྱང་ རས་བྱང་ཚུ་ པར་སྐྲུན་དང་ བརྡ་བརྒྱུད་ནང་ ཚོང་བསྒྲགས་འབད་ནིའི་དོན་ལུ་ཡང་ མ་དངུལ་གྱི་ ཆ་རོགས་འབདཝ་ཨིན་པས།
ཟད་འགྲོ་དེ་ཚུ་དང་ བསྐུལ་བསྒྲགས་མ་དངུལ་རྩིས་ཏེ་ ཚོགས་སྡེའི་འདེམས་ངོ་རེ་ལུ་ ཟད་འགྲོ་བསྡོམས་ དངུལ་ཀྲམ་༣༣༢,༥༠༠ དེ་རེ་ གནས་ནི་ཨིན་པའི་ སྔོན་རྩིས་བཏོན་ཡོདཔ་ད་ བཙག་འཐུ་ལྷན་ཚོགས་ལུ་ སྤྱི་ཚོགས་ཀྱི་ བཙག་འཐུ་ཚུ་གི་དོན་ལུ་ མ་དངུལ་བསྡོམས་ དངུལ་ཀྲམ་ས་ཡ་༥༠༠ གནང་སྟེ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་པའི་ནང་ མ་དངུལ་ས་ཡ་༩༩.༤ ཟད་འགྲོ་གནས་ཡོད་མི་ལས་ ས་ཡ་༦༡.༩ ལྷགཔ་ཅིག་ བཙག་འཐུ་འགོ་འདྲེན་འཐབ་ནིའི་ནང་ འབྲེལ་གཏོགས་འབད་མི་ བཙག་འཐུ་འགོ་དཔོན་དང་ ཚོགས་རྒྱན་ས་ཁོངས་འགོ་དཔོན་ དེ་ལས་ སྲུང་སྐྱོབ་འབད་མི་ཚུ་ལུ་ ཉིན་འཐུས་སྤྲོད་ཡོདཔ་ཨིན་པས།
དུས་ཅིའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ མི་དང་ སྲུང་སྐྱོབ་དམག་མི་ཚུ་ མ་རྩིས་བར་ མི་༤,༦༥༠ ལྷགཔ་ཅིག་ བཙུགས་ནི་ཨིནམ་ལས་ ཧེ་མ་དང་ཕྱདཔ་ད་ ཟད་འགྲོ་མངམ་གནས་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment