གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལུ་ ནུབ་མོ་འགྲུལ་སྐྱོད་འབད་མི་ཆོག་ནི།

༨/༤/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ རན་ཡོདཔ་ལས་བརྟེན་ སྤྱི་ཟླ་༤ པའི་ཚེས་༡ ལས་ བསམ་རྩེ་ལུ་ ནུབ་མོ་འགྲུལ་སྐྱོད་འབད་མ་ཆོག་པའི་ བཀག་དམ་འབད་ཡོདཔ་ཨིན་པས།
དེ་སྦེ་ འགྲུལ་བཀག་འབད་དགོ་མི་དེ་ཡང་ ཉེན་སྲུང་དང་ལྡན་པའི་ བཙག་འཐུ་འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ཨིན་ཟེར་བསམ་རྩེའི་ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།



ས་གནས་ནང་སྡོད་མི་ཚུ་དང་ སྣུམ་འཁོར་ཚུ་ ནུབ་མོའི་ཆུ་ཚོད་༩ ལས་འགོ་བཙུགས་ཏེ་ དྲོ་པའི་ཆུ་ཚོད་༥ ཚུན་ ཕར་ཚུར་འགྲུལ་སྐྱོད་འབད་མི་ཆོག་ཟེར་ ཁྲིམས་སྲུང་འགག་པ་གིས་ བརྡ་ལན་འབད་དེ་ཡོདཔ་ཨིན་པས།
རྫོང་ཁག་ཉེན་སྲུང་ཚོགས་ཆུང་གིས་ ཐག་བཅད་དོ་བཟུམ་སྦེ་ འགྲུལ་སྐྱོད་བཀག་དམ་འབད་མི་དེ་ སྤྱི་ཟླ་༤ པའི་ཚེས་༡ ལས་ཚེས་༢༣ ཚུན་ འགོ་འདྲེན་འཐབ་ནི་ཨིནམ་ད་ བསམ་རྩེའི་རྫོང་བདག་གིས་འབད་བ་ཅིན་ འགྲུལ་སྐྱོད་བཀག་དམ་གྱི་ དུས་ཚོད་ལུ་ མི་དང་སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་ནི་ཟེར་ཨིན་པས།
འགྲུལ་སྐྱོད་བཀག་དམ་གྱི་ གསལ་བསྒྲགས་དེ་ བསམ་རྩེ་རྒེད་འོག་༡༥ གིས་མ་ཚད་ སྒོམ་ཀྲུ་ལུ་ཡང་ བཀྲམ་སྤེལ་འབད་ཡོདཔ་ད་ བསམ་རྩེ་ལུ་ རྒེད་འོག་༡༥ ཡོད་པའི་གྲས་ལས་ རྡོ་ཕུག་ཅན་དང་ རྡོ་རོ་ཁ་ དན་ཆུ་ཁ་༣ རྒྱ་གར་གྱི་ ས་མཚམས་སྦོ་ལོགས་ཁར་ མེདཔ་ཨིན་པས།
མི་ངན་ཚུ་གིས་ ས་མཚམས་ཀྱི་སྒོ་ར་ལས་ འཛུལ་འོང་ནིའི་ ཉེན་ཁ་སྦོམ་ཡོདཔ་ལས་ རྒྱ་འབྲུག་༢ ཀྱི་ས་མཚམས་དེ་ སྤྱི་ཟླ་༤ པའི་ཚེས་༢༢ ལས་ འགོ་བཙུགས་ཏེ་ ཚེས་༢༣ ཚུན་ བཀག་དམ་འབད་ནི་ཨིནམ་ལས་ བཙག་འཐུའི་འགོ་དཔོན་དང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སྒོ་ར་སྒོ་མ་བསྡམ་ལས་ ས་གནས་ནང་ འོང་དགོཔ་ཨིན་ཟེར་ རྫོང་བདག་གིས་ སླབ་ཨིན་པས།
བསམ་རྩེའི་བཙག་འཐུ་ཡིག་ཚང་གིས་ སྤྱི་ཟླ་༤ པའི་ཚེས་༣ ཚུན་ལྷོད་མི་ འགྲེམ་ཐོག་ཚོགས་རྒྱན་༢,༣༧༦ གི་ནང་ལས་༥༢༡ ཆ་མེད་བཏང་པའི་ ལྷག་ལུས་ཚོགས་རྒྱན་༡,༨༥༥ བཙག་འཐུ་འགོ་དཔོན་གྱིས་ འགྲེམ་ལས་འགོ་དཔོན་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ངོས་ལེན་འགོ་དཔོན་གྱིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་བརྒྱ་ཆ་༩༥ དེ་ཅིག་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་མ་འབདཝ་ལས་བརྟེན་ ཆ་མེད་བཏང་ཡོདཔ་ཨིན་རུང་ བཙག་འཐུའི་ཉིནམ་ལུ་ འདེམས་ཁོངས་ནང་འོང་སྟེ་ ཚོགས་རྒྱན་བཙུགས་ཆོག་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༡,༥༩༦ ཡོད་མིའི་གྲས་ལས་ ཕོ་སྐྱེས་༢༡,༩༩༥ དང་ ཨམ་སྲུ་༡༩,༦༠༡ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment