༨/༤/༢༠༡༣ ༉ ཁ་ཙ་ དངུལ་རྩིས་ལྷན་ཁག་གིས་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་མི་ནང་ སྐུགས་དང་པམ་ཆོད་པའི་ཤུལ་ལུ་ དཔལ་འབར་རྒྱལ་མཚན་གྱིས་ཡང་ ད་འགྲན་སྦོམ་འབད་དེ་ སྐུགས་༢ པམ་དེ་ ཆོད་དཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ རྩེད་འགྲན་འགོ་བཙུགས་པའི་སྐོར་ཐེངས་ནང་ རིག་འཛིན་དང་ ཆོས་སྐྱིད་༢ ཀྱིས་ བཀག་རེག་རེ་རེ་རྐྱབ་མི་དེ་ བྱང་ཕྱད་སྡེ་ཚན་གྱིས་ བཏོག་མ་ཚུགསཔ་ལས་ འགོ་བཙུགས་དང་འབྲེལ་སྐུགས་༥ ཐོབ་ཅི།
སྐོར་ཐེངས་༡༡ པའི་ནང་ རིག་འཛིན་གྱིས་ མདའ་ཡ་གཅིག་ཕོག་མི་དང་འབྲེལ་ སྡེ་ཚན་གྱིས་ སྐུགས་བསྡོམས་ཀྱིས་༢༥ ཐོབ་སྟེ་ སྐུགས་དང་པ་ཆོད་པའི་སྐབས་སུ་ སྡེ་ཚན་གཞན་མི་གིས་ སྐུགས་༤ ལས་བརྒལ་ ཐོབ་མ་ཚུགས།
ཨིན་རུང་ དཔལ་འབར་རྒྱལ་མཚན་ལས་ རྩེད་འགྲན་འབད་མི་ཚུ་གིས་ སྐོར་ཐེངས་༡༤ པའི་ནང་ མདའ་རྩེདཔ་༤ གིས་ བཀག་རེག་རེ་རེ་རྐྱབ་སྟེ་ སྐུགས་༨ ཐོབ་ཡོདཔ་མ་ཚད་ སྐོར་ཐེངས་༡༧ པའི་ནང་ རྩེད་འགྲན་པ་༤ གིས་ བཀག་རེག་རེ་རེ་རྐྱབ་སྟེ་ སྐུགས་༢༣ ཐོབ་ཅི།
སྐོར་ཐེངས་༡༨ པའི་ནང་ རིན་ཆེན་རྡོ་རྗེ་གིས་ བཀག་རེག་༡ ཕོག་མི་དེ་ དངུལ་རྩིས་ལྷན་ཁག་གིས་ བཏོག་མ་ཚུགསཔ་ལས་ སྐུགས་༢ པམ་དེ་ ཆོད་པའི་སྐབས་སུ་ དངུལ་རྩིས་ལྷན་ཁག་གིས་ སྐུགས་༣ ལས་བརྒལ་ ཐོབ་མ་ཚུགས།
རྩེད་འགྲན་ལོག་འགོ་བཙུགས་ཏེ་ སྐོར་ཐེངས་༣༠ ཚུན་ རྩེད་འགྲན་འབད་བའི་སྐབས་ དངུལ་རྩིས་ལྷན་ཁག་གིས་ སྐུགས་༡༤ དང་ དཔལ་འབར་རྒྱལ་མཚན་གྱིས་ སྐུགས་༩ ཐོབ་ཡོདཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
འོག་གི་འབའ་སྐྱོར་ནང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ ཕྱག་རི་བཙན་སྡེ་ཚན་༢ ཀྱི་བར་ན་རྩེད་འགྲན་འབད་མི་དེ་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ད་རིས་འཕྲོ་མཐུད་རྩེད་འགྲན་འབད་ནི་ ཨིན་པའི་གནས་ཚུལ།
![]() |
| ཀརྨ་རྒྱལ་མཚན་གྱིས་ མདའ་རྐྱབ་པའི་ཤུལ་ལས་ ཕོག་ལམ་ལྟ་བའི་བསྒང་། |

བཀྲིས་ཕུན་ཚོགས།

No comments:
Post a Comment