གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགོངས་གྲོལ་བཀའ་རྒྱ་བཏོན་མི་དེ་ ཁྲིམས་ལུ་མ་གུས་པའི་ལག་ལེན?

༣/༤/༢༠༡༣   ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ཀྱིས་གཙོས་པའི་ རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་ དགོངས་གྲོལ་གཏང་དགོ་པའི་ བཀའ་རྒྱ་བཏོན་ནུག།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་༢ ཀྱིས་གཙོས་པའི་ རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་ ལས་གཡོག་ནང་ལས་ དགོངས་གྲོལ་གཏང་དགོ་པའི་ བཀའ་རྒྱ་བཏོན་མི་དེ་ ཁྲིམས་ལུ་མ་གུས་པའི་ ལག་ལེན་ཅིག་ཨིནམ་སྦེ་ ཁྲིམས་དོན་མཁས་མཆོག་ཚུ་གིས་ བཤདཔ་ཨིན་པས།


རྫོང་ཁག་ཁྲིམས་འདུན་གྱིས་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ དེ་ལས་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཁྲོམ་ས་ཚུ་ ཚུལ་མིན་གྱི་སྒོ་ལས་ བགོ་བཀྲམ་འབད་བའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་༡ ལས་ལོ་༢ དང་ཟླཝ་༦ ཚུན་ བཀལ་མི་ལུ་ གཞི་བཞག་སྟེ་ ཉེས་ཁྲིམས་ཕོག་མི་ཚུ་ ལས་གཡོག་ནང་ལས་ དགོངས་ཞུའི་ཐོབ་ལམ་ག་ནི་ཡང་མེད་པར་ བཏོན་གཏང་དགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ འབྲེལ་ཡོད་གཙུག་སྡེ་དང་ ལྷན་ཁག་ཚུ་ལུ་ བཀའ་རྒྱ་བཏོན་ཡོདཔ་ད་ ཚོགས་ཆུང་ནང་ འཐུས་མི་བགྲེསཔ་༡༣ ཡོད་མིའི་གྲས་ལས་༡༡ ཞི་གཡོགཔ་ཨིན་པས།
དེ་འབདཝ་ད་ རྩོད་ཟླ་ཚུ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མཐོ་གཏུགས་ཀྱི་ ཞག་གྲངས་༡༠ མ་ལངམ་ལས་ར་ དགོངས་གྲོལ་ཡི་གུ་བསྐྱལ་མི་དེ་ རྩ་ཁྲིམས་དང་ བཅའ་ཁྲིམས་ལས་འགལ་བའི་ ལཱ་བྱ་ཅིག་ཨིན་པས་ཟེར་ ཚོགས་དཔོན་དང་ ནང་སྲིད་བློན་པོའི་ རྒྱབ་མི་གཉིས་ཀྱིས་ ཀུན་གསལ་ལུ་ སླབ་ཨིན་པས།
ཁྲིམས་དོན་མཁས་པ་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ རྩོད་གཞི་དེ་ མཇུག་མ་བསྡུ་བར་ མཐོ་གཏུགས་ཁྲིམས་ཀྱི་འདུན་སར་ ཕྱེ་བའི་བསྒང་ཡོདཔ་ལས་ འདི་བཟུམ་མའི་ བཀའ་རྒྱ་བཏོན་མི་དེ་ ཁྲིམས་ལས་འགལ་ཡོདཔ་མ་ཚད་ དྲང་ཁྲིམས་ལྷན་སྡེའི་ རང་དབང་ལུ་ བར་དཀྲོག་འབདཝ་མས་ཟེར་ཨིནམ་ད་ རྩ་ཁྲིམས་ཀྱི་དགོངས་དོན་དང་ རང་བཞིན་དྲང་ཁྲིམས་ཀྱི་ གཞི་རྩ་ཚུ་གིས་ རྩོད་གཞི་ཕྱེ་འཕྲོ་དང་ བསྣར་འགྱངས་སྦེ་ཡོད་པའི་ ནམ་དུས་ལུ་ དབང་འཛིན་གང་རུང་གིས་ བདག་སྐྱོང་དང་འབྲེལ་བའི་ ཡིག་ཚང་བཀའ་རྒྱ་བཏོན་ནི་ཚུ་ བཀག་འཛིན་འབད་དེ་ཡོད་ཟེར་ སླབ་ཨིན་པས།
དེ་གི་ནང་དོན་ཉིད་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དེ་ རྒྱལ་པོའི་ཞིང་གི་ རྩོད་དོན་ནང་ ཉེས་བཤེར་འབད་མི་ རྩ་ཕན་ཅིག་ཨིནམ་ལས་ སྤྱི་གཡོགཔ་ཚུ་ ལས་གཡོག་ནང་ལས་ དགོངས་གྲོལ་གཏང་ནི་གི་ དབང་ཚད་མེདཔ་ཨིན་པས།
འདི་བཟུམ་མའི་ རྩོད་དོན་ཚུ་ནང་ མི་ཚུ་གིས་ ཁྲིམས་ཀྱི་འདུན་སར་ ཞུ་གཏུགས་འབད་ཐོག་ལས་ འབྲེལ་ཡོད་དབང་འཛིན་ལུ་ ཁྲིམས་ཀྱི་ངོས་ལེན་འབད་དགོ་ཟེར་ ཁྲིམས་དོན་མཁས་མཆོག་ཅིག་གིས་ བཤདཔ་ཨིན་པས།
སྤྱིར་བཏང་ལམ་ལུགས་དང་འཁྲིལ་བ་ཅིན་ གལ་སྲིད་ ཞི་གཡོགཔ་ཅིག་ལུ་ བཙོན་ཁྲིམས་ཕོག་པ་ཅིན་ ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ སྙན་ཞུ་འབད་དེ་ ཁྲིམས་ཀྱི་འདུན་ས་ལས་ འབྲེལ་ཡོད་ལས་སྡེ་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོཔ་སྦེ་ ཡིག་ཐོག་ལུ་ སྙན་ཞུ་འབདཝ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཞི་གཡོག་པའི་ བཅའ་ཁྲིམས་ནང་ཡང་ ཁྲིམས་འདུན་གྱིས་ ཞི་གཡོགཔ་གང་རུང་ཅིག་ལུ་ ཉེས་ཕྲ་ལས་ ཉེས་ཆེན་གྱི་ བཙོན་ཁྲིམས་ཕོག་པ་ཅིན་ ཞི་གཡོག་ནང་ལས་ ཐོབ་ལམ་ག་ནི་ཡང་མེད་པར་ བཏོན་གཏང་དགོཔ་སྦེ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment