གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདམ་ངོ་༦༧ གྱིས་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་ཡོདཔ།

༣/༤/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༢ པའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ རྫོང་ཁག་༢༠ ལས་ མི་ངོམ་༦༧ གྱི་ གདམ་ངོའི་ཐོ་བཀོད་འབད་མི་ལུ་ ངོས་ལེན་འབད་ཡོདཔ་ཨིན་པས།


སྤྱི་ཟླ་༤ པའི་ཚེས་༢༡ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ཚོགས་སྡེའི་བཙག་འཐུ་དོན་ལུ་ དང་པ་ར་ རང་སོའི་རྒེད་འོག་ནང་ འཛོམས་འདུ་འགོ་འདྲེན་འཐབ་སྟེ་ གདམ་འཐུ་གྲུབ་པའི་ཤུལ་ལུ་ སྤྱི་ཟླ་༤ པའི་ཚེས་༡ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཐོ་བཀོད་ཀྱི་ ཡི་གུ་ཚུ་ དབྱེ་ཞིབ་འབད་ཡོདཔ་ཨིན་རུང་ གདམ་ངོ་ཚུ་གིས་ ཕྱིར་བཏོན་འབད་ནི་གི་དོན་ལུ་ དུས་ཚོད་མཇུག་དེ་ ད་རིས་ཨིན་པས།
ཁ་ཙ་ཚུན་ བཙག་འཐུ་ལྷན་ཚོགས་ནང་ ཕྱིར་བཏོན་གྱི་ སྙན་ཞུ་མ་ལྷོདཔ་ད་ ཐོ་བཀོད་འབད་མིའི་གྲས་ཁར་ ཨམ་སྲུ་༥ ཡོདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ལས་ གདམ་ངོ་༧ ཐོན་མི་དེ་ རྫོང་ཁག་༢༠ འི་གྲས་ལས་ གདམ་ངོ་མཐོ་ཤོས་ཅིག་ཨིནམ་ད་ བཀྲ་ཤིས་སྒང་རྫོང་ཁག་ ར་ལྡི་ལས་ གདམ་ངོ་ སངས་རྒྱས་བསྟན་འཛིན་གྱིས་ ཕྱིར་བཏོན་འབད་བའི་ཤུལ་ལུ་ འཐུས་མི་བགྲེསཔ་ དྲགོས་ཌོག་ཊར་ བསོད་ནམས་ཀུན་དགའ་རྐྱངམ་གཅིག་ ལུས་པའི་ཁར་ དར་དཀར་ནང་རྫོང་ཁག་གི་དོན་ལུ་ཡང་ འཐུས་མི་བགྲེསཔ་ བསོད་ནམས་རྡོ་རྗེ་གཅིག་ལས་བརྒལ་ མེདཔ་ཨིན་པས།
གདམ་ངོ་ཨམ་སྲུ་༥ པོ་དེ་ ཆུ་ཁ་རྫོང་ཁག་ བྱག་ཕྱོགས་རྒེད་འོག་གི་ ཚེ་དབང་ལྷ་མོ་དང་ གསར་སྤང་རྫོང་ཁག་ འཇིགས་མེད་ཆོས་གླིང་རྒེད་འོག་གི་ བསོད་ནམས་སྒྲོལ་དཀར་ དབང་འདུས་ཕོ་བྲང་རྫོང་ཁག་ ཉི་ཤུ་རྒེད་འོག་གི་ བསོད་ནམས་དབྱངས་ཅན་ གཞལམ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་གི་ པདྨ་ལྷ་མོ་དང་  ངང་ལ་རྒེད་འོག་གི་ ཡེ་ཤེས་མཚོ་མོ་ཚུ་ཨིནམ་བཞིན་དུ་ དེ་གི་གྲངས་སུ་ གདམ་ངོ་༣ འཐུས་མི་བགྲེསཔ་ཨིན་པས།
བཙག་འཐུའི་དོན་ལུ་ གདམ་ངོ་བསྡོམས་༨༡ གིས་ དང་འདོད་བསྐྱེད་མི་ལས་ གདམ་ངོ་༧༠ གིས་ རྒེད་འོག་འཛོམས་འདུ་ལས་ གདམ་འཐུ་གྲུབ་ཡོདཔ་ཨིན་རུང་ གདམ་ངོ་༢ ཀྱིས་ ཐོ་བཀོད་མ་འབད་བའི་ཁར་༡ གིས་ ཐོ་བཀོད་འབད་བའི་ཤུལ་ལས་ ལོག་ཕྱིར་བཏོན་འབད་ཡོདཔ་ཨིན་པས།
གདམ་ངོ་ཚུ་གི་གྲས་ལས་ འཐུས་མི་བགྲེསཔ་༡༣ ཡོདཔ་ད་ གདམ་ངོ་ཚུ་ཡང་ ལས་སྡེ་དང་ གཙུག་ལག་མཐོ་རིམ་མཐར་འཁྱོལ་མི་སློབ་དཔོན་ འཁྲབ་རྩེདཔོ་ གསོ་བའི་དྲུང་འཚོ་ཚུ་ཨིན་པས།
འཐུས་མི་བགྲེསཔ་ཚུ་གི་གྲས་ལས་༡ གིས་ རྒེད་འོག་འཛོམས་འདུ་ནང་ལས་ར་ གདམ་ངོའི་བཙག་འཐུ་གྲུབ་མ་ཚུགསཔ་ད་ སྤྱི་ལོ་༢༠༠༨ ལུ་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་འབད་དེ་ གདམ་འཐུ་གྲུབ་མ་ཚུགས་མི་ཚུ་ཡང་ ཚོགས་སྡེའི་ནང་ བཅའ་མར་གཏོགས་དོ་ཡོདཔ་ད་ ད་ལྟོ་ཐོ་བཀོད་འབད་མི་ གདམ་ངོ་ཚུ་ སྐྱེས་ལོ་༢༥ ལས་༥༨ ཀྱི་བར་ན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་ འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ དང་འདོད་སྐྱེད་མི་གདམ་ངོ་༥༢ ཐོན་ཡོདཔ་ཨིན་རུང་ ད་རེས་ཀྱི་དོ་འགྲན་ནང་ གདམ་ངོ་༨༠ ལྷགཔ་ཅིག་གིས་ དང་འདོད་བསྐྱེདཔ་ཨིན་པས།
གདམ་ངོ་གཏན་འཁེལ་སོང་མི་ཚུ་གིས་ བསྐུལ་བསྒྲགས་ཀྱི་སྐབས་ ལག་ལེན་འཐབ་ནི་གི་དོན་ལུ་ དངུལ་ཀྲམ་༡༣༠,༠༠༠ འཐོབ་ནི་ཨིན་མི་དེ་ ཁས་བླངས་གསལ་བསྒྲགས་དང་ འགྲོ་འགྲུལ་ དེ་ལས་ སྐྱེལ་འདྲེན་གྱི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
བསྐུལ་བསྒྲགས་དེ་ སྤྱི་ཟླ་༤ པའི་ཚེས་༡ ལས་ འགོ་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment