གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁ་ཐོབ་ནི་ལུ་མིན་པར་ བློ་སྤོབས་དང་ རིག་རྩལ་ལུ་གཙོ་རིམ་བཟུང་དགོཔ།

༦/༤/༢༠༡༣   ༉ སྐྱེས་ལོ་༡༦ མན་ཆད་འབད་མི་ ཐིམ་ཕུ་སྡེ་ཚན་ཁ་པའི་ ཕུཊ་བཱོལ་རྩེད་འགྲན་ནང་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་སྡེ་ཚན་གྱིས་ རིག་གཞུང་སྡེ་ཚན་ལུ་ གཱོལ་༥ བཙུགས་ཏེ་ ཕམ་བཏང་ཡི།
Add caption


སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ གཅིག་གིས་གཅིག་ལུ་ གཱོལ་བཙུགས་མ་ཚུགས་པར་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་བའི་ཤུལ་ལུ་ དུས་ཡུན་སྐར་མ་༢༢ ལུ་ འོད་གསལ་རྡོ་རྗེ་གིས་ རིག་གཞུང་ལུ་ གཱོལ་༡ བཙུགས་ཅི།
དུས་ཡུན་སྐར་མ་༢༤ ལུ་ རིག་གཞུང་གིས་ཡང་ གཱོལ་བཙུགས་མི་ལུ་བརྟེན་ སྡེ་ཚན་༢ ཀྱི་བར་ན་ གཱོལ་འདྲན་འདྲ་བཙུགས་པའི་ཤུལ་ལུ་ བར་མཚམས་ངལ་གསོའི་དུས་ཚོད་རན་ཡི།
བར་མཚམས་ལས་ ལོག་རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༥༡ ལུ་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་སྡེ་ཚན་གྱིས་ གཱོལ་བཙུགས་མི་དེ་ རིག་གཞུང་གིས་ སྐར་མ་༦༡ ལུ་གཱོལ་བཙུགས་ཐོག་ འདྲན་འདྲ་བཟོ་ཡོད་རུང་ དུས་ཡུན་སྐར་མ་༧༣ དང་༧༥ དེ་ལས་ ༧༧ ནང་ གཱོལ་༣ སྦྱེལཝ་སྦྱེལ་ས་བཙུགས་མི་དེ་ སྡེ་ཚན་གཞན་མི་གིས་ དོ་འགྲན་འབད་མ་ཚུགསཔ་ལས་ ཕམ་སོ་ཡི།
འབྲུག་རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་པའི་ སློབ་སྟོན་པ་ ཨོ་ཧ་ར་གིས་སླབ་མི་དང་འཁྲིལཝ་ད་ སྐྱེས་ལོ་༡༦ མན་ཆད་འབད་མི་ཚུ་གིས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༥ བཙུགས་ཏེ་ རྒྱལ་ཁ་ཐོབ་ཚུགས་མི་དེ་ལུ་ སེམས་དགའ་དགོཔ་མེད་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་ དམིགས་ཡུལ་དེ་ རྩེད་འགྲན་པ་ཚུ་ལུ་ ཉམས་མྱོང་དང་ ཤེས་ཡོན་ ལྕོགས་གྲུབ་ རིག་རྩལ་ དེ་ལས་ སྤོབས་འཐོབ་ནི་དེ་ ཁག་ཆེ་ཟེར་ཨིན་པས།
སྤྱིར་བཏང་ སྡེ་ཚན་གཞན་མིའི་ རྩེད་འགྲན་འབད་མི་ཚུ་ ཕྱིའི་གཟུགས་སྟོབས་སྒྲིང་སྒྲིང་ཡོདཔ་ལས་ རྒྱལ་ཡོངས་རྩེད་འགྲན་པ་ཚུ་གིས་ དོ་འགྲན་འབད་མ་ཚུགསཔ་རྐྱངམ་གཅིག་མ་གཏོགས་ ཕུཊ་བཱོལ་རྩེད་ཐངས་ཀྱི་རིག་རྩལ་དང་ ལྕོགས་གྲུབ་ མཁས་མཆོག་ དེ་ལས་ ཉམས་མྱོང་ཚུ་ ཁྱད་པར་སྦོམ་འདུག་ཟེར་ ཨིན་པའིགནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment