གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་ལས་ གདམ་ངོ་༣ གྱིས་ ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་ནི།

༦/༤/༢༠༡༣   ༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ མི་སེར་ཚུ་གིས་ ད་རུང་ཚར་གཅིག་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ དོ་འགྲན་འབད་མི་ གདམ་ངོ་༣ ལུ་ ཚོགས་རྒྱན་བཙུགས་དོ་བཟུམ་སྦེ་ དུས་ཅི་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ གདམ་ངོ་༣ ལུ་ ཚོགས་རྒྱན་བཙུགས་ནི་ཨིན་པས།


གདམ་ངོ་ཚུ་ཡང་ ལའུ་རི་རྒེད་འོག་གི་འཐུས་མི་བགྲེསཔ་ འཇིགས་མེད་དབང་ཕྱུག་དང་ བདེ་བ་ཐང་ལས་ སངས་རྒྱས་ལྷུན་གྲུབ་ དེ་ལས་ ཨོ་རོང་རྒེད་འོག་ལས་ ཀུན་དགའ་རྡོ་རྗེ་ཚུ་ཨིནམ་ད་ ཀུན་དགའ་རྡོ་རྗེ་དང་ སངས་རྒྱས་ལྷུན་གྲུབ་དེ་ འདེམས་ཁོངས་གཅིག་ལས་ཨིན་པས།
སངས་རྒྱས་ལྷུན་གྲུབ་ཀྱིས་ དོ་འགྲན་ནང་ གདམ་ངོ་སྦེ་ འཐོན་ནིའི་དོན་ལུ་ ན་ཧིང་ ལོ་མཇུག་བསྡུ་ཁམས་ལས་ གསལ་བསྒྲགས་འབད་ཡོདཔ་ཨིན་རུང་ འཇིགས་མེད་དབང་ཕྱུག་གིས་ རྒེད་འོག་འཛོམས་འདུ་ འགོ་མ་བཙུགས་པའི་ ཞག་དག་པ་ཅིག་གི་ཧེ་མར་ གསལ་བསྒྲགས་འབད་ཡོདཔ་ཨིན་རུང་ ཀུན་དགའ་རྡོ་རྗེ་གིས་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ རྒེད་འོག་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཏོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ འཇིགས་མེད་དབང་ཕྱུག་གིས་ ཀུན་དགའ་རྡོ་རྗེ་ལས་ ཚོགས་རྒྱན་༣༥༠ ཐེབས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་རུང་ སངས་རྒྱས་ལྷུན་གྲུབ་དང་ ཁོ་གི་བར་ན་ ཚོགས་རྒྱན་༣༠༠༠ དེ་ཅིག་ ཁྱད་པར་ཆགས་ཡོདཔ་ཨིན་པས།
འཇིགས་མེད་དབང་ཕྱུག་དང་ ཀུན་དགའ་རྡོ་རྗེ་གཉིས་ཀྱི་བར་ན་ ཚོགས་རྒྱན་གྱི་ཁྱད་པར་ སྦོམ་མེད་མི་ལུ་ ཨོ་རོང་གི་མི་ཚུ་གིས་འབད་བ་ཅིན་ ཁོ་གིས་ རྒྱལ་ཁ་འཐོབ་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ ད་རུང་ཚར་གཅིག་ ཁོ་གིས་ དོ་འགྲན་ནང་ བཅའ་མར་གཏོགས་དགོཔ་སྦེ་ དུས་ཚོད་མཇུག་ནང་ སླབ་ཅི་ཟེར་ ཀུན་དགའ་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་ བསམ་གྲུབ་ལྗོངས་མཁར་ལུ་ སྤྱི་ཟླ་༣ པའི་ཚེས་༡༦ ལུ་ འཛོམས་འདུ་འགོ་བཙུགས་ཡོད་རུང་ ཁོ་ར་ ལོག་སྟེ་ དོ་འགྲན་འབད་ནིའི་དོན་ལུ་ སེམས་ཐག་མ་བཅད་པར་ཡོདཔ་ད་ ཨོ་རོང་གི་མི་ཚུ་གིས་ བརྒྱུད་འཕྲིན་ལྷོད་ནི་དེ་གིས་ སེམས་ཐག་བཅད་ཅི་ཟེར་ཨིནམ་ད་ དེ་མིན་ ཁོ་ར་ ཆོས་ལྷབ་པར་འགྱོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༨ ལུ་ ཕམ་སོཔ་ལས་ ལོག་དོ་འགྲན་ནང་ བཅའ་མར་གཏོགས་ནི་གི་ སེམས་མེད་པའི་ཁར་ ཁོ་རའི་ སྒེར་གྱི་ལཱ་གིས་ མ་ཁོམས་ལས་ དོ་འགྲན་འབད་ནི་ མནོ་བསམ་ར་མེདཔ་ཨིན་པས།
འཇིགས་མེད་དབང་ཕྱུག་དང་ སངས་རྒྱས་ལྷུན་གྲུབ་གཉིས་ཀྱིས་ ཀུན་དགའ་རྡོ་རྗེ་གིས་ དུས་ཚོད་མཇུག་ནང་ དོ་འགྲན་འབད་ནི་གི་ གསལ་བསྒྲགས་འབད་མི་དེ་གིས་ རྣམ་རྟོག་ལང་ཡི་ཟེར་ཨིནམ་ད་ འཇིགས་མེད་དབང་ཕྱུག་གིས་ དོ་འགྲན་དེ་ནང་ མི་ངོ་མངམ་ཐོན་ནི་གི་ རེ་བ་ཡོད་ཟེར་ཨིནམ་ད་ ཁོ་གིས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ གདམ་ངོ་ཚུ་ག་ར་ རྙིངམ་འབད་ནི་དེ་གིས་ ལཱ་འཇམ་པས་ཟེར་ཨིན་པས།
འཇིགས་མེད་དབང་ཕྱུག་གིས་ ཁོ་གིས་ འདས་པའི་ལོ་ངོ་༥ འི་རིང་ ཚོགས་སྡེ་ནང་ ལཱ་འབད་བའི་ཉམས་མྱོང་ཐོབ་མི་དེ་གིས་ ད་རུང་ དོ་འགྲན་འབད་ནི་གི་དོན་ལུ་ དགོངས་ཞུ་འབད་ཡི་ཟེར་ཨིན་པས།
ཁོ་གིས་ ལོ་༥ འི་རིང་ ཕྱག་ཞུ་མི་དེ་ ཁོ་རའི་ཁ་ཐུག་ལས་འབད་བ་ཅིན་ མི་སེར་ཚུ་གི་དོན་ལས་ ཡིད་ཆེས་ཚུགསཔ་འབད་བའི་རེ་བ་ཡོད་ཟེར་ཨིནམ་ད་ སངས་རྒྱས་ལྷུན་གྲུབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཕུན་ཚོགས་ཐང་འབྲིང་རིམ་སློབ་གྲྭ་བར་ནང་ ལོ་ངོ་བཞི་གི་རིང་ དཔེ་ཆ་སྟོན་སྡོད་ཡོདཔ་ལས་ ཁོ་གིས་ ད་འབདན་ དོ་འགྲན་འབད་ནིའི་དོན་ལུ་ གྲ་སྒྲིག་ཚུད་དེ་ཡོད་ཟེར་ཨིན་པས།
འཇིགས་མེད་དབང་ཕྱུག་གིས་ སྤྱི་ལོ་༢༠༠༨ ལུ་ཡང་ སངས་རྒྱས་ལྷུན་གྲུབ་ཀྱིས་ སློབ་སྟོན་འབད་མི་སློབ་གྲྭ་ནང་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ སངས་རྒྱས་ལྷུན་གྲུབ་ཀྱིས་ སྤྱི་ལོ་༢༠༠༨ ནང་ ཕམ་སོ་སྟེ་འབད་རུང་ ཁོ་རའི་རྫོང་ཁག་ནང་ར་ ལཱ་འབད་ནི་གི་ གོ་སྐབས་ཐོབ་མི་དེ་གིས་ དོ་འགྲན་ནང་ ཁེ་ཕན་འབྱུང་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༢༢,༨༨༣ ཡོད་མི་དེ་ སྤྱི་ལོ་༢༠༠༨ དང་ཕྱདཔ་ད་༥,༠༠༠  ཐེབས་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།



No comments:

Post a Comment