གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་འགུལ་ནང་ འགོ་དཔོན་ཚུ་གི་ ཐོབ་ལམ་འདྲ་མཉམ་བཟོ་ཡོདཔ།

༦/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༤ ལུ་ ཐིམ་ཕུ་ལུ་སྦེ་ སྤུ་ན་གཙང་ཆུ་ལས་འགུལ་དབང་འཛིན་གྱི་ ཞལ་འཛོམས་ ཐེངས་༡༢ པ་ འཚོགས་མི་དང་འབྲེལ་ ད་ཚུན་ལུ་ ལས་འགུལ་ནང་ ཐད་ཀར་དུ་ ལས་འགུལ་གྱིས་བཙུགས་མི་ བཟོ་རིག་འགོ་དཔོན་ཚུ་དང་ གཞུང་ལས་ གནས་སྐབས་ཀྱི་དོན་ལུ་བཏང་མི་ བཟོ་རིག་འགོ་དཔོན་ཚུ་ དེ་ལས་ གོ་གནས་དེ་དང་འདྲ་མཉམ་གྱི་ འགོ་དཔོན་ཚུ་གི་བར་ནའི་ ཟླ་རིམ་དངུལ་ཕོགས་ཀྱི་ཐོབ་ལམ་ཚུ་ལུ་ ཁྱད་པར་ཞུགས་ཡོདཔ་ཨིན་རུང་ ད་ལས་ཕར་ འདྲ་མཉམ་བཟོ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན།


སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལས་འགུལ་གྱིས་བཙུགས་མི་ བཟོ་རིག་འགོ་དཔོན་དང་ གཞུང་ལས་ གནས་སྐབས་ཀྱི་དོན་ལུ་འོང་མི་ བཟོ་རིག་འགོ་དཔོན་ཚུ་ སྡེ་རིམ་གཅིག་སྦེ་ཡོད་རུང་ དངུལ་ཕོགས་ཀྱི་ཐོབ་ལམ་ལུ་ ཁྱད་པར་ཞུགས་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨར་ཨེན་ ཁ་ཟཱན་ཅི་གིས་ ཞལ་འཛོམས་ཀྱི་སྐབས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ ད་རེས་ཀྱི་གནས་སྟངས་ནང་ ལས་འགུལ་ནང་ལཱ་འབད་མི་ བཟོ་རིག་འགོ་དཔོན་ཚུ་གི་གྲས་ལས་ གཞུང་ལས་ གནས་སྐབས་ཀྱི་དོན་ལུ་བཏང་མི་ བཟོ་རིག་སྡེ་འཛིན་དང་ གོ་གནས་དེ་དང་འདྲ་མཉམ་གྱི་ འགོ་དཔོན་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༢༥,༦༡༠ ལས་༣༣,༢༦༠ རེ་ ཐོབ་དོ་ཡོདཔ་ད་ ལས་འགུལ་གྱིས་ བཙུགས་མི་ཚུ་གིས་འབད་བ་ཅིན་ ཟླ་རིམ་ དངུལ་ཀྲམ་༢༩,༨༤༠ ལས་༤༨,༤༦༥ རེ་ ཐོབ་ཨིན་ཟེར་ཨིན་པས།
དེ་དང་གཅིག་ཁར་ གཞུང་གི་བཟོ་རིག་འགོ་དཔོན་ཚུ་གིས་ རང་གི་དངུལ་ཕོགས་གུ་ལུ་ བརྒྱ་ཆ་༡༥ རེ་འབད་བའི་ ཟླ་རིམ་འཐུས་དངུལ་ཀྲམ་༣,༧༩༤ རེ་འཐོབ་དོ་ཡོདཔ་ཨིན་རུང་ ལས་འགུལ་གྱིས་ བཙུགས་མི་ཚུ་གིས་ འཐུས་བརྒྱ་ཆ་༩༥ རེ་ ཐོབ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་འགུལ་གྱིས་བཙུགས་མི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་དང་ གོ་གནས་དེ་དང་འདྲ་མཉམ་གྱི་ འགོ་དཔོན་ཚུ་གིས་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༢༢,༦༢༠ ལས་༢༩,༣༧༠ རེ་ལས་ མི་ཐོབ་ཨིན་རུང་ ལས་འགུལ་གྱིས་ བཙུགས་མི་ཚུ་གིས་ དངུལ་ཀྲམ་༢༦,༣༥༠ ལས་༤༢,༨༥༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་གིས་ འབྲུག་གཞུང་གི་ གནས་སྐབས་འགན་ཁུར་ བསྐོ་བཞག་ཁྲིམས་ལུགས་དང་འཁྲིལ་ གཞུང་གིས་བཏང་མི་ གནས་སྐབས་ཀྱི་ འགོ་དཔོན་ཚུ་ལུ་ཡང་ ལས་འགུལ་གྱི་དངུལ་ཕོགས་ཚད་གཞི་དང་ འཐུས་ཀྱི་ཚད་གཞི་ཚུ་ ལག་ལེན་འཐབ་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་པས།
ཞུ་བ་དེ་ཡང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༦ ལུ་ གནད་དོན་དེ་ལུ་ གཟིགས་གནང་དགོཔ་སྦེ་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དབང་འཛིན་གྱི་ཁྲི་འཛིན་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་ལུ་ ཕུལ་ཡོདཔ་ཨིན་པས།
དེ་དང་འཁྲིལ་ ལྷན་ཁག་གིས་ ཞིབ་འཚོལ་ཚུ་འབད་ཐོག་ལས་ ད་ལས་ཕར་ གཞུང་ལས་ གནས་སྐབས་ཀྱི་དོན་ལུ་ ལས་འགུལ་ནང་བཏང་མི་ འགོ་དཔོན་ཚུ་གི་ དངུལ་ཕོགས་ཀྱི་ཚད་གཞི་དེ་ ལས་འགུལ་གྱིས་བཙུགས་མི་ འགོ་དཔོན་ཚུ་དང་ འདྲ་མཉམ་བཟོ་ནི་ཨིན་རུང་ ཁག་འབག་གི་འཐུས་ བརྒྱ་ཆ་༣༠ འབད་མི་དེ་ གནས་སྐབས་བསྐོ་བཞག་གི་འཐུས་སྦེ་ བརྩི་འཇོག་འབད་ནི་སྦེ་ ཆ་འཇོག་འབད་ཡོདཔ་ཨིན་པས།
གཞུང་གིས་ གནས་སྐབས་བསྐོ་བཞག་འབད་མི་ཚུ་གིས་ ད་ལྟོ་འཐོབ་སྲོལ་ཡོད་མི་ འཐུས་བརྒྱ་ཆ་༡༥ དེ་ཡང་ མཚམས་འཇོག་འབད་ནི་དང་ དགོངས་ཞུའི་ཟུར་ཕོགས་དང་ གསོ་བའི་མ་དངུལ་བཏོག་ནི་ཚུ་ ལས་འགུལ་གྱི་ དངུལ་ཕོགས་ཚད་གཞི་དང་འཁྲིལ་ འགོ་འདྲེན་འཐབ་ནི་སྦེ་ གྲོས་ཐག་བཅད་ནུག།
བསྒྱུར་བཅོས་འབད་ཡོད་པའི་ ལམ་ལུགས་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡ ལས་ འགོ་བཙུགས་ཏེ་ ལག་ལེན་འཐབ་དགོཔ་སྦེ་ བཟོ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment