གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུ་ཊཱན་ཀུན་མཉམ་པར་ཊི་གིས་ གདམ་ངོ་གསརཔ་༢ ཀྱི་ངོ་སྤྲོད།

༦/༤/༢༠༡༣  ༉ བཀྲ་ཤིས་སྒང་རྫོང་ཁག་ བཀང་ལུང་ བསམ་མཁར་དང་ ཨུ་མཛོ་རོང་འདེམས་ཁོངས་དང་ ལྷུན་རྩེ་རྫོང་ཁག་གི་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ གདམ་ངོ་གཉིས་ཀྱིས་ ཚོགས་པ་ནང་ འཛུལ་ནི་གི་ ཐག་བཅད་མི་དེ་གིས་ བུ་ཊཱན་ཀུན་མཉམ་པར་ཊི་ནང་ ད་ཚུན་ གདམ་ངོ་༣༡ གིས་ མི་མང་གི་གདོང་ཁར་ ཐོན་ཡོདཔ་ཨིན་པས།
ཀརྨ་འགྱུར་མེད།
བསོད་ནམས་མགོན་པོ།


སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ གདམ་ངོ་གསརཔ་ སྐྱེས་ལོ་༤༢ ལང་མི་ ཀརྨ་འགྱུར་མེད་དེ་ཨིནམ་ད་ ཁོ་གིས་ ལོ་བཞི་གི་རིང་ སློབ་དཔོན་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༠༣ ལས་༢༠༡༡ ཚུན་ ཤེས་རིག་ལྷན་ཁག་ནང་ བརྡ་དོན་འཕྲུལ་རིག་གི་ ལས་རིམ་པ་སྦེ་ ལཱ་འབད་ཡོདཔ་ད་ དེ་གི་ཤུལ་ལས་ སྒེར་གྱི་ལས་སྡེ་ཅིག་བཙུགས་ཏེ་ སྡོད་ཡོདཔ་ཨིན་པས།
ཁོ་གིས་ བུ་ཊཱན་ཀུན་མཉམ་པར་ཊི་ནང་ འཛུལ་ནི་གི་ སེམས་ཐག་བཅད་མི་དེ་ཡང་ ཚོགས་པ་གི་ མི་སྡེ་གི་ཞབས་ཏོག་ཞུ་ནི་དེ་ཨིནམ་ལས་ ཚོགས་པ་ལུ་ དང་འདོད་བསྐྱེད་ཡི་ཟེར་ཨིནམ་ད་ ཁོ་གིས་ འགོ་དང་པ་ འཛམ་གླིང་རྒྱས་བཤད་དང་ ཨིང་སྐད་ཀྱི་ སློབ་དཔོན་འབད་ཡོདཔ་ཨིན་རུང་ ཤུལ་ལས་ བརྡ་དོན་འཕྲུལ་རིག་ནང་ མཱསི་ཊར་གྱི་ཤེས་ཚད་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཁོ་གིས་ སློབ་གྲྭ་ཁག་ནང་ ཤེས་རིག་དང་བརྡ་དོན་གཉིས་ གཅིག་བསྒྲིལ་བཟོ་ནི་གི་ དམིགས་གཏད་ཡོད་ཟེར་ཨིན་པས།
ཀརྨ་འགྱུར་མེད་ཀྱི་ ཚོགས་པའི་ཆ་རོགས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་ཚུགས་པའི་ རིག་རྩལ་ཡོདཔ་ལས་ ཁོང་གི་ཚོགས་པ་གི་དོན་ལུ་ མི་ངོམ་ཁག་ཆེ་ཤོས་ཅིག་ ཁོ་ཨིན་ཟེར་ཨིནམ་ད་ ཁོ་ལུ་ དྭངས་གསལ་དང་ལྕོགས་གྲུབ་ དེ་ལས་ བློ་གཏད་ཚུགས་པའི་ མི་ཅིག་ཨིན་ཟེར་ཨིན་པས།
ཁོ་ར་ ཆུང་ཀུའི་བསྒང་ལས་ར་ རྫོང་ཁག་གཞན་ཁར་ལས་ཕར་ དཔེ་ཆ་ལྷབ་ཡོད་རུང་ འཕྲལ་འཕྲལ་སྦེ་ར་ གཡུས་ཁར་འགྱོ་ནི་ཡོདཔ་ལས་ མི་སེར་ཚུ་དང་གཅིག་ཁར་ འབྲེལ་བ་ཡོད་ཟེར་ཨིནམ་ད་ ཨུ་མཛོ་རོང་རྒེད་ནང་འབད་བ་ཅིན་ ཁོ་གིས་ ངོ་ཤེས་མི་ དེམ་ཅིག་མེད་ཟེར་ཨིན་རུང་ བཀང་ལུང་ལུ་ ཁོ་རའི་ ཨམ་ཅུམ་གྱི་ཧོངས་ལས་ མི་ཚན་ཕོག་མི་ཡོད་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲིད་ཚོགས་གཞན་དག་པ་ཅིག་གིས་ར་ ཁོ་ར་ བཅའ་མར་གཏོགས་ནི་གི་ གོ་སྐབས་བྱིན་ཡོདཔ་མ་ཚད་ འབྲུག་ཕུན་སུམ་ཚོགས་པ་ནང་ འཛུལ་ནི་གི་སྐོར་ལས་ཡང་ སླབ་མི་ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ ཁོ་ར་ ད་ལྟོ་གི་ཚོགས་པ་དེ་ལུ་ ཡིད་ཆེས་སྦོམ་ཡོདཔ་ལས་ དེ་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིནམ་ད་ ཁོ་ར་ སློབ་གྲྭ་ནང་སྡོད་པའི་སྐབས་ལས་ར་ ཡོངས་དཔོན་དང་ གཞན་ལས་རིམ་འགོ་འདྲེན་འཐབ་ནིའི་ནང་ བཅའ་མར་ལེ་ཤ་ གཏོགས་ཡོད་པའི་ ཉམས་མྱོང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ གདམ་ངོ་གཉིས་པ་ སྐྱེས་ལོ་༣༧ ལང་མི་ བསོད་ནམས་མགོན་པོ་གིས་ ལྷུན་རྩེ་རྫོང་ཁག་ སྨན་སྦིས་བཙན་མཁར་འདེམས་ཁོངས་ལས་ ཐོན་ཡོདཔ་ཨིན་པས།
ཚོགས་པ་དེ་ནང་ གདམ་ངོ་༤༢ གཏན་འཁེལ་སོང་ཡོད་པའི་གྲས་ལས་ ད་ཚུན་ གདམ་ངོ་༣༡ གིས་ མི་མང་གི་གདོང་ཁར་ཐོན་ཡོདཔ་ཨིན་པས།
ཁོ་གིས་ ཚོགས་པ་ནང་ ག་ཅི་སྦེ་ འཛུལཝ་ཨིན་ན་ཟེར་ དྲི་བའི་ལན་ལུ་ ཁོ་ར་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ འགོ་དང་པ་འབྲེལ་བ་འཐབ་ནི་དེ་གིས་ འཛུལ་དགོ་པའི་ གནད་དོན་ཚུ་གི་སྐོར་ལས་ གསལ་རིལ་རི་སྦེ་ བཤད་ནི་མེད་རུང་ ཁོ་གིས་ སྤྱི་ལོ་༢༠༠༥ ལས་༢༠༠༦ ཚུན་ ཨུ་མ་མགྲོན་ཁང་དང་གཅིག་ཁར་ ལཱ་འབད་ཡོདཔ་ཨིན་པས།
ཚོགས་པ་ནང་ གདམ་ངོ་༤༡ གིས་ འཛུལ་ཞུགས་ཚུ་ གཏན་འཁེལ་བཟོ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment