གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛམ་གླིང་སྤྱི་ཚོགས་ནང་ འདོད་སྤྱོད་དང་འབྲེལ་བའི་ རྩུབ་སྤྱོད་སྙན་ཞུ་མ་འབད་བར་ཡོདཔ།

༦/༤/༢༠༡༣   ༉ རྒྱལ་ཁབ་ནང་ ཨམ་སྲུ་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ རྩུབ་སྤྱོད་ཚུ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་རུང་  རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ རྩུབ་སྤྱོད་ཀྱི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ནང་ སྙན་ཞུ་མ་འབདཝ་ཨིན་པས།


སྤྱི་ཟླ་༤ པའི་ཚེས་༤ ལུ་ ན་གཞོན་དཔལ་རི་ལུ་སྦེ་ གྲོས་འཛོམས་ཅིག་འཚོགས་པའི་སྐབས་ ཨམ་ཀེ་ཐི་རི་ནེ་ ཀོ་རོསི་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ཀྱིས་ འབྲུག་ལུ་ དེ་བཟུམ་མའི་དཀའ་ངལ་དེ་ ཉུང་སུ་ཅིག་ལས་མེད་པའི་ ཡིད་ཆེས་བསྐྱེདཔ་ཨིན་ཟེར་ཨིན་པས།
ཁྲག་བརྟག་དཔྱད་སྡེ་ཚན་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༥ ལས་ སྤྱི་ལོ་༢༠༡༢ ཚུན་གྱི་བར་ན་ འདོད་སྤྱོད་དང་འབྲེལ་བའི་ རྩུབ་སྤྱོད་ཀྱི་དཀའ་ངལ་བསྡོམས་༢༤༦ ཐོན་ཡོདཔ་ཨིན་པས།
ཨམ་ཀེ་ཐི་རི་ནེ་ ཀོ་རོསི་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ནང་ བརྒྱ་ཆ་༧༠ འདོད་ཆགས་དང་ རྩུབ་སྤྱོད་ཀྱི་དཀའ་ངལ་ ཐོན་དོ་ཡོད་པའི་གྲས་ལས་ བརྒྱ་ཆ་༥༠ དེ་ བུམོ་སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ ཡོད་པའི་ངོས་འཛིན་བྱུང་ནུག།
བུམོ་ན་ཆུང་ གསུམ་དཔྱད་༡ ལུ་ དབང་བཙོང་ཐོག་ལས་ འདོད་སྤྱོད་འབད་བའི་སྙན་ཞུ་འབད་རུང་ ཨམ་སྲུ་ཚུ་གིས་ དེ་བཟུམ་མའི་ དཀའ་ངལ་ཐོན་མི་དེ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྙན་ཞུ་འབད་ནི་ལུ་ ངོ་ཚ་སྟེ་ གསང་བཞག་ནུག་ཟེར་ སླབ་ཨིན་པས།
ཨམ་སྲུ་ཚུ་ དབང་བཙོང་གི་ཐོག་ལས་ འདོད་སྤྱོད་འབད་ནི་དེ་གིས་ མི་སྡེའི་ནང་ བརྩི་འཇོག་མེདཔ་བཟོ་བའི་ཁར་ ཉམས་རྒུདཔ་ལ་ལུ་ཅིག་ དབང་བཙོང་ཐོག་ ལུས་འབྲེལ་འབད་མི་ཚུ་དང་གཅིག་ཁར་ གཉེན་རྐྱབ་བཅུག་སྟེ་ འདུག་ཟེར་ཨིན་པས།
ཀེ་ཐི་རི་ནེ་ ཀོ་རོསི་གིས་ ཕོ་སྐྱེས་ཚུ་གིས་ ཨམ་སྲུ་ཚུ་དང་གཅིག་ཁར་སྡོད་དེ་ ཚར་ཅིག་ འདོད་ཆགས་ཤུགས་ཐལ་མི་ལུ་བརྟེན་  བཀག་ཐབས་འབད་མི་ཚུགས་དོ་ཡོདཔ་ལས་ ཨམ་སྲུ་ཚུ་གིས་ཡང་ ཕོ་སྐྱེས་ཚུ་ འདོད་ཆགས་ལང་བཅུག་དོ་ཡོདཔ་ལས་ ཨམ་སྲུ་ཚུ་ལུ་ འཛོལ་བ་འདུག་ཟེར་ཨིནམ་ད་ ཨམ་སྲུ་ཚུ་གིས་ ཕོ་སྐྱེས་ཚུ་དང་གཅིག་ཁར་ ཆང་འཐུངམ་མ་ཚད་ ཕོ་སྐྱེས་ཚུ་དང་གཅིག་ཁར་ གོ་ལ་ཐུང་ཀུ་ཚུ་ གྱོན་ཞིནམ་ལས་ དབང་བཙོང་ལུས་འབྲེལ་འབད་ཡོདཔ་ལས་ ཨམ་སྲུ་ཚུ་གི་ འཛོལ་བ་བཟུམ་ཅིག་ མཐོངམ་མས་ཟེར་བཤད་ཅི།
མོ་གིས་འབད་བ་ཅིན་ དབང་བཙོང་ལུས་འབྲེལ་འབད་ནི་དེ་ ཐ་ཅིག་ཏུ་ ཕོ་སྐྱེས་ཀྱི་ སྐྱོན་མེན་པའི་ཁར་ ཆང་དང་སྨྱོ་རྫས་སྤྱོད་དེ་ འབད་ཡི་ཟེར་སླབ་མི་དེ་ཡང་ བཟོད་གསོལ་འབད་མི་ཚུགས་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱི་ སྙན་ཞུ་ནང་འབད་བ་ཅིན་ སྤྱི་ལོ་༡༩༩༧ ལུ་ རྐྱེན་ངན་དེ་བཟུམ་བྱུང་པའི་གྲས་ལས་ བརྒྱ་ཆ་༩༠ དེ་ བུམོ་སྐྱེས་ལོ་༡༢ མན་ཆད་འབད་མི་ཚུ་ཡོདཔ་ཨིན་པས།
ཕོ་སྐྱེས་ཚུ་གིས་ འདོད་སྤྱོད་ཀྱི་རྩུབ་སྤྱོད་དང་ དབང་བཙོང་ལུས་འབྲེལ་འབད་མི་ཚུགས་ཟེར་ཨིནམ་ད་ བཙོན་ཁང་ནང་སྡོད་མི་ཚུ་གི་བར་ན་ དབང་བཙོང་འདོད་སྤྱོད་ཀྱི་ དཀའ་ངལ་ཐོན་མི་ཚུ་ མང་ཤོས་ར་ སྙན་ཞུ་འབད་དེ་ མིན་འདུག་ཟེར་ཨིན་པས།
དཀའ་ངལ་དེ་གི་སྐོར་ལས་ གདོང་ལེན་འབད་ནི་གི་དོན་ལུ་ རྒྱལ་ཁབ་ལ་ལུ་ཅིག་ནང་ རྒྱབ་སྐྱོར་ལེགས་ཤོམ་ མེད་ནི་དེ་གིས་ ཨམ་སྲུ་ཚུ་གིས་ སྙན་ཞུ་འབད་བ་ཅིན་ ཉེས་ཁྲིམས་ཕོག་འོང་མནོ་སྟེ་ ཁྲིམས་འདུན་ལུ་ དཀའ་ངལ་གྱི་ སྙན་ཞུ་ཚུ་ཡང་  འབད་མ་ཚུགས་པར་ ལུས་ཏེ་འདུག་ཟེར་ཨིན་པས།
ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་རང་སྐྱེད་ལས་སྡེའི་ འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ དབང་བཙོང་འདོད་སྤྱོད་ཀྱི་དཀའ་ངལ་ མང་སུ་ཐོན་དོ་ཡོད་པའི་ སྙན་ཞུ་ཡོདཔ་ལས་ གསལ་བཤད་དེ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ ཕན་ཐོགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཨམ་ཀེ་ཐི་རི་ནེ་ ཀོ་རོསི་གིས་ དུས་ཡུན་ཆུ་ཚོད་༢ ཀྱི་རིང་ གནད་དོན་དེ་གི་སྐོར་ལས་ གསལ་བཤད་འབད་མིའི་ནང་ ཐིམ་ཕུ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་གི་ སློབ་དཔོན་དང་ དབུ་འཛིན་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་༡༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་དེ་ཡང་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་རང་སྐྱེད་ལས་སྡེ་དང་ ཤེས་རིག་ལྷན་ཁག་ དེ་ལས་ ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment