གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གི་སྡོད་ཁྱིམ་རྐྱབ་ནིའི་ འཆར་གཞི་ལཱ་ཚུ་ འབད་བའི་བསྒང་ཡོདཔ།

༡༠/༤/༢༠༡༣   ༉ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ཐིམ་ཕུ་ བར་སྦིས་ས་ རོ་མཆོག་དཔལ་བཟའ་ཁང་གི་ ཉེ་འདབས་ལུ་ཡོད་པའི་ ས་གནས་སྒང་ཏོག་ནང་ལས་ཕར་ གཞུང་གིས་ སྡོད་ཁྱིམ་གསར་བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ ཤོག་གུའི་ཐོག་ལུ་ར་ ལུས་ཡོདཔ་ཨིན་པས།


ཨིན་རུང་ དུས་མཉམ་སྦེ་ གཞི་རྟེན་གོང་འཕེལ་གྱི་ལཱ་ཚུ་ འབད་དོ་ཡོདཔ་བཞིན་དུ་ བཟོ་སྐྲུན་ལཱ་གི་དོན་ལུ་ མ་དངུལ་ཚུ་མེདཔ་ལས་ མ་དངུལ་ཚུ་ནམ་འཐོབ་ཅིག་ ལཱ་འགོ་བཙུགས་ནིའི་དོན་ལུ་ འཆར་གཞི་ཚུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨོ་རྒྱན་ཚེ་དབང་གིས་སླབ་མིའི་ནང་ ད་རེས་ནངས་པ་ བཟོ་བཀོད་དང་ ས་ཆའི་གནས་སྟངས་ འོས་འབབ་བརྟག་དཔྱད་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོད་རུང་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་ཚུ་ མ་འཐོབ་པར་ ཡོད་ཟེར་ཨིན་པས།
ལས་འགུལ་གྱི་ གྲོས་འཆར་དེ་ ན་ཧིང་ སྤྱི་ཟླ་༥ པའི་ནང་ བཙུགས་ཡོདཔ་ཨིན་རུང་ དེ་གི་དོན་ལུ་ མ་དངུལ་ཚུ་ ག་གིས་གནང་ནི་ཨིན་ན་ གཏན་འཁེལ་མེད་ཟེར་ཨིན་པས།
ས་གནས་དེ་ཁར་ ཐོག་ཚད་༢ རེ་འབད་མི་ སྒྲིང་ཁྱིམ་༥༥ རྐྱབ་ནི་དང་ དེ་ནང་ ཁང་ཚན་༢༥༠ འཐོན་ནི་ཨིན་རུང་ ས་གནས་དེ་ཁར་ འཁོར་ལམ་དང་ གློག་མེའི་མཐུན་རྐྱེན་ཚུ་མེདཔ་ལས་ ལཱ་འབད་དགོཔ་ ལེ་ཤ་ཅིག་ར་ཡོད་ཟེར་ ཨོ་རྒྱན་ཚེ་དབང་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཆ་ཨེ་ཀར་༣༠ འི་ཐོག་ལུ་ རྐྱབ་ནི་ཨིན་མི་ སྡོད་ཁྱིམ་ས་ཁོངས་དེ་ནང་ ཚོང་འབྲེལ་ས་ཁོངས་༣ དང་ སྔོ་ལྗངས་ལྡན་པའི་གླིང་ཁ་ དེ་ལས་ ཨ་ལུ་ཚུ་ རྩེདམོ་རྩེ་སའི་ ས་ཁོངས་ཚུ་ཡང་ བཟོ་འོང་ཟེར་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ མ་གཞི་ བཟོ་སྐྲུན་ལཱ་གི་དོན་ལུ་ གཞུང་ལས་ མ་དངུལ་དགོ་པའི་སྐོར་ལས་ ཞུ་བ་འབད་འབདཝ་མེད་རུང་ འཆར་གཞི་༡༡ པའི་ ཁྱིམ་བཟོའི་ལས་འགུལ་ གཞན་ཚུ་གི་དོན་ལུ་ མ་དངུལ་ས་ཡ་༢༥༠ གནང་སྟེ་ ཡོད་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ བཟོ་སྐྲུན་གྱི་སྐབས་ རང་བཞིན་གནས་སྟངས་ལུ་ ཉམས་སྐྱོན་དུམ་གྲ་རེ་ འབྱུང་ནི་ཨིན་རུང་ གནོད་སྐྱོན་ཚུ་ ག་དེ་དྲག་དྲག་ མར་ཕབ་འབད་ནི་ལུ་ གཙོ་བོ་གཏོན་ནི་ཨིནམ་ད་ ས་ཁོངས་དེ་ ལྕང་ཇི་ཇི་ལུ་བཟོ་སྐྲུན་འབད་མི་ གཞུང་གི་སྡོད་ཁྱིམ་བཟུམ་སྦེ་ ཁ་སྟོར་ཏེ་ མི་རྐྱབ་ཟེར་ཨིན་པས།
ཀུན་གསལ་གྱི་ འདས་པའི་གནས་ཚུལ་དང་འཁྲིལཝ་ད་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ ཧེ་མ་འབད་བ་ཅིན་ ཁྲོམ་གྱི་ས་ཁོངས་ནང་ གཞུང་གི་ས་ཆ་མེད་མི་ལུ་བརྟེན་ གཞུང་གི་སྡོད་ཁྱིམ་ དག་པ་རེ་ལས་བརྒལ་ རྐྱབ་མ་ཚུགས་རུང་ ད་ལས་ཕར་ ས་ཁོངས་ཚུ་སྦོམ་སྦེ་ ཐོན་འོང་ཟེར་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment