གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆེ་མཐོ་ཁྲིམས་འདུན་ལས་ ཐོག་མའི་འཁྲུད་ཆོད་ལུ་ ཆ་འཇོག་གནང་ཡོདཔ།

༡༠/༤/༢༠༡༣   ༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་ལས་ འབྲུག་གི་གཅེས་གཅེས་གསུང་སྐད་འགོ་འདྲེན་འཐབ་མི་ དངོས་གྲུབ་རྡོ་རྗེ་གིས་ མཐོ་གཏུགས་འབད་མི་རྩོད་གཞི་དེ་ ཕྱིར་འབུད་མཛད་དེ་ ཐོག་མའི་ཁྲིམས་འདུན་ལས་ གནང་མིའི་འཁྲུན་ཆོད་དེ་ རང་འཇགས་བཞག་ཡོདཔ་ཨིན་པས།


དེ་ཡང་ ཆེ་མཐོ་ཁྲིམས་ཁྲི་༢ པ་ལས་ བཀའ་རྒྱ་གནང་མི་དང་འཁྲིལཝ་ད་ མཐོ་གཏུགས་པ་ དངོས་གྲུབ་རྡོ་རྗེ་གིས་ སྤྱི་ལོ་༢༠༡༡ ལས་ ༢༠༡༢ ཚུན་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལས་རིམ་མཇུག་བསྡུ་བའི་ཤུལ་ལུ་ གསོལ་རས་ཚུ་མ་སྤྲོད་པར་ སྣང་མེད་བཞག་མི་ལུ་ ཐོག་མའི་ཁྲིམས་འདུན་ལས་ ཁྲིམས་ཀྱི་རིང་ལུགས་དང་འཁྲིལ་ཏེ་ འཁྲུན་ཆོད་གནང་ནུག་ཟེར་ཨིན་པས།
ཨིན་རུང་ དངོས་གྲུབ་རྡོ་རྗེ་ལུ་ ཁེ་རྒུད་མ་བཏུབ་པའི་གནད་དོན་དེ་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་གྱི་ གསོལ་རས་དེ་ ཁོ་གིས་སྦེ་ བྱིན་ནི་མེན་པར་ ལྷ་དབང་འོད་གསལ་བཟོ་སྐྲུན་ལས་སྡེ་གིས་ སྤྲོད་དགོ་པའི་ཞུ་བ་ཕུལ་ཡོདཔ་ཨིན་པས།
ཁྲིམས་ཁྲི་༢ པ་ལས་ རྩ་ཕན་ཚུ་གིས་ ཕུལ་མིའི་ཡིག་ཆ་ཚུ་ལུ་ བསྐྱར་ཞིབ་ཀྱི་ ཞིབ་དཔྱད་མཐིལ་ཕྱིན་མཛད་པའི་སྐབས་ མཐོ་གཏུགས་པ་གིས་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་པ་ཚུ་ལུ་ གསོལ་རས་བྱིན་ནིའི་ཁས་བླངས་ཀྱི་ གསལ་བཤད་འབད་ཡོད་པའི་ ར་ཁུངས་བྱུང་ཡོདཔ་ལས་ སྒྲུབ་བྱེད་ཀྱི་བཅའ་ཁྲིམས་ལྟར་ གསོལ་རས་ཚུ་ བྱིན་དགོཔ་སྦེ་བཀའ་རྒྱ་ནང་ འཁོད་དེ་འདུག་ཟེར་ཨིན་པས།
དེ་ཡང་ འབྲུག་གི་གཅེས་གཅེས་གསུང་སྐད་ནང་ལས་ ཨང་དང་པ་ཐོན་མི་ ཚེ་རིང་འོད་ཟེར་ལུ་ གསོལ་རས་དངུལ་ཀྲམ་༢,༣༠,༠༠༠ དང་ སྐལ་ལྡན་ཆོས་གྲགས་ལུ་ དངུལ་ཀྲམ་༡,༣༠,༠༠༠ བསོད་ནམས་ཆོས་སྐྱིད་ལུ་ དངུལ་ཀྲམ་༩༠,༠༠༠ བསོད་ནམས་བཟང་མོ་ལུ་ དངུལ་ཀྲམ་༥༠,༠༠༠ དེ་ལས་ རྟ་མགྲིན་ཕུརཔ་དང་ ཟླ་བ་སྒྲོལ་མ་༢ ལུ་ དངུལ་ཀྲམ་༡༥,༠༠༠ རེ་ སྤྲོད་དགོཔ་ཨིན་པས།
བདེ་ཆེན་ཕུན་ཚོགས་དང་ ཀྲི་ཨེལ་ཀེ་རྡོ་རྗེ་༢ ལུ་ དངུལ་ཀྲམ་༡༢,༠༠༠ རེ་དང་ ཀུན་ལེགས་དབང་མོ་ལུ་ དངུལ་ཀྲམ་༧༠,༠༠༠ བཅས་ ཡོངས་བསྡོམས་ དངུལ་ཀྲམ་༦,༢༤,༠༠༠ དེ་ དངོས་གྲུབ་རྡོ་རྗེ་གིས་ འཁྲུན་ཆོད་གནང་བའི་ཉིནམ་ལས་འགོ་བཙུགས་ ཞག་གྲངས་༡༠ གྱི་ནང་ འཁོད་ལུ་ ཁོང་ཆ་ཁྱབ་ལུ་ སྤྲོད་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
བཀའ་རྒྱ་དང་འཁྲིལཝ་ད་ དངོས་གྲུབ་རྡོ་རྗེ་གིས་ གསོལ་རས་ཚུ་ སྤྲོད་དགོ་མི་དེ་ཡང་ ལྷ་དབང་འོད་གསལ་བཟོ་སྐྲུན་ལས་སྡེའི་ ཚོང་འབྲེལ་འགོ་དཔོན་པདྨ་ཚེ་རིང་དང་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་པ་ ཨ་ལུ་ཚུའི་བར་ན་ གན་རྒྱ་བཟོ་བཟོཝ་མེདཔ་ལས་ རྩོད་ཟླ་སངས་རྒྱས་གཙོས་པའི་ ཨ་ལུའི་ཕམ་༩ ལུ་ གསོལ་རས་ཚུ་ ཚངམ་སྦེ་སྤྲོད་དགོཔ་ཨིན་པས།
ལས་རིམ་དེ་ མཐོ་གཏུགས་པ་གིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ གསོལ་རས་ཚུ་བྱིན་ནི་ཟེར་ གསལ་བཤད་འབད་མི་དང་འཁྲིལ་ ཁེ་སང་ཡོད་པ་ཅིན་ གསོལ་རས་བྱིན་ནི་དང་ རྒུད་ཕོག་པ་ཅིན་ གསོལ་རས་མ་བྱིན་པར་བཞག་མི་དེ་གིས་ ལས་རྒྱུ་འབྲས་དང་ ཐ་དམ་ཚིག་མེད་པའི་ གསལ་སྟོན་བྱུངམ་མ་ཚད་ ན་གཞོན་ཚུའི་ སྤྲོ་བ་བསྐྱེད་བཅུག་ནི་ལུ་ བར་ཆད་རྐྱབ་ནི་ཨིནམ་སྦེ་ བཀོད་ནུག།
ཨ་ལུའི་ཕམ་སྤུན་ཆ་ཚུ་ལུ་ཡང་ གནད་དོན་དེ་ལུ་བརྟེན་ ཚད་མེད་ཀྱི་བརྡབ་གསིག་གི་དཀའ་ངལ་བྱུང་ཡོདཔ་ད་ ཁྲིམས་འདུན་ལས་ འོས་ལྡན་གྱི་ ཉམས་རྒུདཔ་ཚུ་གི་ཞུ་མི་ལུ་ ཆ་གནས་མཛད་དེ་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
དེ་ཡང་ ཐོག་མ་ཁྲིམས་འདུན་ལས་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་མི་ དངོས་གྲུབ་རྡོ་རྗེ་གིས་ གསོལ་རས་དང་ ཕམ་ཚུ་ལུ་ འཐུས་སྦེ་ དངུལ་ཀྲམ་༡༠,༠༠༠ བྱིན་དགོ་པའི་ཁར་ ཉེས་ཁྲིམས་ཟླ་ངོ་༦ བཀལ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment