གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་གི་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཅིག་གིས་ རྒྱབ་བཤུད་རྐྱབ་ཡོདཔ།

༢/༤/༢༠༡༣༉  རྩི་རང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ འཛོམས་འདུ་ཚུ་ནང་ལས་ གདམ་ངོ་སྦེ་ བཏོན་མི་ཚུ་གི་གྲས་ལས་ ཨམ་སྲུ་ཅིག་གིས་ གདམ་ངོ་ལས་ ཕྱིར་བཏོན་འབད་མི་དང་འཁྲིལ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ མཐའ་བཅད་ཀྱི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ ལོག་སྟེ་ར་ འདེམས་ངོ་༦ ལུ་ ལྷོད་ཡོདཔ་ཨིན་པས།


འགོ་ཐོག་སྐབས་ རྒེད་འོག་འཛོམས་འདུ་མཇུག་བསྡུཝ་ད་ གདམ་ངོ་༧ ཡོད་མི་དེ་ རྫོང་ཁག་ཚུ་གི་གྲས་ལས་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པས།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ བཙག་འཐུའི་དོན་ལུ་ མཁོ་གལ་ཆེ་བའི་ ཡིག་ཆས་ཚུ་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ བཙུགས་ནིའི་ དུས་ཚོད་མཇུག་ལུ་ རྫོང་ཁག་ནང་ ཨམ་སྲུའི་འདེམས་ངོ་ཕུད་རྡོག་གཅིག་ལས་མེད་མི་ སྐྱེས་ལོ་༤༩ ལང་མི་ ཕུརཔ་ལྷམོ་གིས་ གདམ་ངོ་ལས་ ཕྱིར་བཏོན་འབད་ཡོདཔ་ཨིན་པས།
ཕུརཔ་ལྷམོ་གིས་ སླབ་མིའི་ནང་ མོ་གིས་ གདམ་ངོ་ལས་ ཕྱིར་བཏོན་འབད་དགོ་མི་དེ་ཡང་ གནད་དོན་ཅིག་ མོ་རའི་ སྒེར་གྱི་དཀའ་ངལ་ཚུ་ལུ་བརྟེན་ཨིན་པའི་ཁར་ མོ་ར་ འདེམས་ངོ་སྦེ་ མཐའན་མཇུག་ལུ་ ཐོན་ནི་དེ་གིས་ ཡིག་ཆས་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགས་ཟེར་ཨིན་པས།
མོ་གིས་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ འགོ་འདྲེན་འཐབ་མི་ ཁྲོམ་སྡེའི་འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་མི་༣༨ ལས་༣༣ གྱིས་ དགོ་ཟེར་མི་ཚོགས་རྒྱན་བཙུགས་མི་ལུ་བརྟེན་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཕུརཔ་ལྷམོ་གིས་འབད་བ་ཅིན་ མོ་ར་ གདམ་ངོ་སྦེ་ བཏོན་པའི་ཤུལ་ལུ་ ཉིན་གྲངས་༤ ཡོད་མི་ལས་ ཡིག་ཚང་གི་ ལཱ་འབད་ནིའི་ཉིནམ་༢ ལས་མེད་མིའི་ནང་ ཡིག་ཆ་བསྡོམས་༨ ཚང་དགོཔ་ཡོད་མི་ལས་ དགེ་ལེགས་ཕུག་ལུང་ཕྱོགས་བཟོ་གྲྭའི་ ཡིག་ཚང་ནང་ལས་ ཁྲལ་གྱི་ཉོགས་མེད་ལག་ཁྱེར་དང་ ཉིན་གྲངས་༥ དེ་ཅིག་འགོར་མི་ རྩིས་ཞིབ་ཉོགས་མེད་ཡི་གུ་ཚུ་རྩིས་ཏེ་ ལག་ཁྱེར་ཁག་༦ ཐོབ་ཡོད་རུང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ངོས་འཛིན་ཡི་གུ་དང་ ཁྲིམས་ཁང་ནང་ལས་ འབའ་གན་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགས་ཟེར་ཨིན་པས།
རྩི་རང་རྫོང་ཁག་ཨམ་སྲུ་ཚོགས་པའི་ ཁྲི་འཛིན་ཡང་ཨིན་མི་ ཕུརཔ་ལྷམོ་གིས་ སླབ་མིའི་ནང་ ད་ལས་ཕར་ མོ་གིས་ ཚོགས་པ་གིས་ རྒྱབ་སྐྱོར་ཐོག་ལས་ གྲོང་གསེབ་ཨམ་སྲུ་ཚུ་ལུ་ ཚེམས་རྐྱབ་ནིའི་ སྦྱོང་བརྡར་ལ་སོགས་པའི་ ལས་སྣ་མང་རབས་ཅིག་ཡོད་མི་ཚུ་ལུ་ ཤུགས་བཏོན་ནི་དང་ མོ་རའི་ཨ་ལུ་གཅེས་སྐྱོང་སློབ་གྲྭ་དེ་ བདག་འཛིན་འཐབ་སྡོད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ བསྐུལ་བསྒྲགས་འབད་ནིའི་ དུས་ཚོད་དེ་ སྤྱི་ཟླ་༤ པའི་ཚེས་༡ ལས་ འགོ་བཙུགསཔ་བཞིན་དུ་ འདེམས་ངོ༦ གིས་ ངོས་ལེན་འགོ་དཔོན་ཚུ་ལུ་ རང་སོའི་བཙག་འཐུའི་ བསྐུལ་བསྒྲགས་ཀྱི་ ལས་རིམ་ཚུ་ རྩིས་སྤྲོད་ཐོག་ལས་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment