གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་༡༡༦ ཆ་མེད་བཏང་ཡོདཔ།

སྤ་རོ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ འདེམས་ངོ་༥ ཐོན་ཡོད་མི་ཚུ་ལུ་ ཁྱད་ཚད་ལྡན་པའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ ཞུ་ཡིག་༡,༠༥༣ འབྱོར་མི་ལས་ རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ ནན་ཞིབ་འབདཝ་ད་ ཞུ་ཡིག་འབྲི་ཤོག་ལ་ལུ་ཅིག་ ཁ་བྱང་འཛོལ་འཛོལཝ་དང་ ལ་ལུ་ཅིག་ནང་ ཚོགས་རྒྱན་བཙུགས་ནི་གི་ ངོ་པར་ཨང་གྲངས་འཛོལ་ཏེ་བཀོད་བཀོདཔ་ དེ་ལས་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་ གདམ་ཁ་རྐྱབ་སྟེ་ དཔང་པོ་སྦེ་བཙུགས་མིའི་ ཁ་གསལ་ཚུ་ ནོར་བ་ཡོད་མི་ལུ་བརྟེན་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་༡༡༦ ཆ་མེད་བཏང་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་གི་ རྒེད་འོག་༡༠ ནང་ ཚོགས་རྒྱན་བསྐྱུར་ནི་གི་ ཁྱད་ཚད་ལྡན་མི་བསྡོམས༡༦,༡༩༢ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment